འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་10ཉིན།

༄༅།།དངོས་མཚོན་གློག་བརྙན《ང་ཚོའི་ལོ་ངོ་བཞི་བཅུ》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཐོག་བསྟན་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་10ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། 2018ལོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་དངོས་མཚོན་གློག་བརྙན་འཕྲིན་ལམ་གྱིས་ཆེད་མངགས་སྒྲིག་བཟོ་བྱས་པའི་དམིགས་བསལ་ལེ་ཚན་ལེའུ་དྲུག་ཡོད་པའི་དངོས་མཚོན་གློག་བརྙན《ང་ཚོའི་ལོ་ངོ་བཞི་བཅུ》ཞེས་པ་ཟླ་བ་འདིའི་ནང་ཀྲུང་དབྱང་བརྙན་འཕྲིན་གྱི་དངོས་མཚོན་གློག་བརྙན་འཕྲིན་ལམ་ཐོག་དུས་ཚོད་ཡག་ཤོས་སྐབས་བསྟན་རྒྱུ་རེད།
          《ང་ཚོའི་ལོ་ངོ་བཞི་བཅུ》ཞེས་པ་དེར《ལོ་ཟླ》དང《དར་རྒྱས》《གདམ་ག》《འཛམ་གླིང》《ཕ་ཡུལ་གྱི་འཕྲེང་སེམས》《ཕུགས་བསམ》སོགས་ཁྱོན་ལེའུ་དྲུག་ལ་དབྱེ་ཡོད་ཅིང་། མི་སྣ་དངོས་མཚོན་པའི་ཐབས་ལ་བརྟེན་པ་དང་། “སྤྱི་ཚོགས་རིག་པའི་ངོས་ལེབ་6”ཟུར་ཚད་དུ་བྱས་པ། “མི་སྣ་ཕལ་པའི་ལོ་རྒྱུས་ཆེ་མོ”བརྗོད་ཐབས་བཅས་ལ་བརྟེན་ནས་དེང་སྐབས་ཀྱི་མི་སྣ་ཕལ་པ་40ཡིས་ཕུགས་བསམ་དོན་གཉེར་དང་མངོན་འགྱུར་བྱེད་པའི་གཏམ་རྒྱུད་དངོས་འགོད་པ་དང་སླར་ཡང་མཚོན་པར་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ་ངོ་བཞི་བཅུའི་རིང་ཀྲུང་གོའི་སྤྱི་ཚོགས་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་མཚོན་པར་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་འདི་པར་ལེན་བྱ་ཆེད《ང་ཚོའི་ལོ་ངོ་བཞི་བཅུའི》པར་ལེན་ཚོགས་ཆུང་གིས་འཐུས་ཚབ་མི་སྣ་120ཡི་ནང་ནས་40བདམས་ཏེ་གཏན་འཁེལ་བྱས་ཤིང་། ཟླ་བ་4ལྷག་ཙམ་པར་ལེན་ཚགས་ཚུད་བྱས་པ་དང་སྤྱི་ལེ་ཁྲི་ཡན་བསྐྱོད་དེ་སྒྱུར་བཅོས་སྒོ་དབྱེའི་ཆེས་འཐབ་ས་མདུན་མ་ཡིན་པའི་ཧྲེན་ཀྲེན་ནས་ས་བབ་མཐོ་ཚད་སྨི་སུམ་སྟོང་ཟིན་པའི་བོད་ལྗོངས་བར་དང་། ཡུན་ནན་གྱི་རི་ཁུལ་ནས་ཕྱི་རྒྱལ་གྱི་ཨ་རི་དང་། ཧྥིན་ལན། ཐེ་ལན། ལོ་སི་བཅས་བར་པར་ལེན་ས་ཚིགས་བརྒྱ་ལྷག་ཙམ་ཟིན་ཡོད།