འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་10ཉིན།

༄༅།།ལོ་འཁོར་གཉིས་ལ་ཐེངས་རེ་སྤེལ་བའི་ཀྲུང་གོའི་མི་རིགས་མཛེས་རྩལ་འགྲེམས་སྟོན་སྐབས་གསུམ་པ་པེ་ཅིང་དུ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་10ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
ཀྲུང་གོ་མཛེས་རྩལ་ཁང་།
ཀྲུང་གོ་མཛེས་རྩལ་ཁང་།
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལོ་འཁོར་གཉིས་ལ་ཐེངས་རེ་སྤེལ་བའི་ཀྲུང་གོའི་མི་རིགས་མཛེས་རྩལ་འགྲེམས་སྟོན་སྐབས་གསུམ་པ་ཀྲུང་གོ་མཛེས་རྩལ་ཁང་དུ་དངོས་སུ་སྤེལ་ཞིང་། ལོ་འཁོར་གཉིས་ལ་ཐེངས་རེ་སྤེལ་བའི་ཐེངས་འདིའི་ཀྲུང་གོའི་མི་རིགས་མཛེས་རྩལ་འགྲེམས་སྟོན་ནི་སྐབས་གོང་མ་གཉིས་བདེ་བླག་ངང་ལེགས་འགྲུབ་བྱུང་བའི་རྨང་གཞིའི་ཐོག རྒྱལ་ཡོངས་སུ་བརྩམས་ཆོས་6000བསྡུ་རུབ་བྱས་པའི་ནང་ཐོག་མའི་དཔྱད་འདེམས་དང་བསྐྱར་མའི་དཔྱད་འདེམས་བརྒྱུད་ནས། མཇུག་ཏུ་བརྩམས་ཆོས་ལེགས་ཤོས་258བདམས་པ་དང་དེའི་ནང་སྣུམ་ཚོན་རི་མོའི་བརྩམས་ཆོས་130དང་སྲོལ་རྒྱུན་རི་མོའི་བརྩམས་ཆོས་128ཡོད།
           ད་ཐེངས་ཀྱི་འགྲེམས་སྟོན་གཙོ་བོ་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་དང་གོམས་སྲོལ། འཚོ་བ་དངོས་སོགས་རི་མོའི་ལམ་ནས་བཀོད་པར་བརྒྱུད། གྲངས་ཉུང་མི་རིགས་ས་ཁུལ་གྱི་དེང་རབས་ཅན་གྱི་འགྱུར་ལྡོག་དང་། མི་རིགས་རིག་གནས་ཀྱི་དུས་རབས་ཀྱི་ཉིང་བཅུད། ཀྲུང་གོའི་ཉེ་རབས་མཛེས་རྩལ་གསར་རྩོམ་གྱི་འཕོ་འགྱུར་སོགས་མཚོན་ཡོད་ཅིང་། ཀྲུང་ཧྭ་མི་རིགས་གོང་བུ་གཅིག་ཏུ་འགྲིལ་ཤུགས་དང་བློ་ཁ་གཅིག་ཏུ་ཕྱོགས་ཤུགས་ལ་ནུས་པ་ངེས་ཅན་ཐོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་12ཚེས་16ཉིན་བར་འགྲེམས་སྟོན་བྱ་རྒྱུ་ཡིན།
【1】  【2】  【3】  【4】  【5】
༄༅།།ལོ་འཁོར་གཉིས་ལ་ཐེངས་རེ་སྤེལ་བའི་ཀྲུང་གོའི་མི་རིགས་མཛེས་རྩལ་འགྲེམས་སྟོན་སྐབས་གསུམ་པ་པེ་ཅིང་དུ་སྤེལ་བ།