འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་9ཉིན།

༄༅།།རང་རྒྱལ་གྱི་ཞིབ་བཟོ་ལམ་ལྷོངས་བྱུང་བའི་ཚད་རྡུལ་རྩིས་འཁོར་གྱི་ཚོད་འཛིན་མ་ལག་ལ་རང་བརྟེན་ཤེས་བྱའི་བདག་དབང་ལྡན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་09ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་ནས་ཤེས་རྟོགས་བྱས་པར། སློབ་གྲྭ་དེའི་ཡོན་ཧྲེ་ཀུའོ་ཀོང་ཚན་ཚོགས་པས་གློག་འདྲེན་ཕྱེད་གཟུགས་དང་དེ་བཞིན་གློག་འདྲེན་ཚད་བརྒལ་ཚད་རྡུལ་པི་ཐིར་གཞིར་བཟུང་ནས་ཞིབ་འཇུག་ཡུན་རིང་བྱས་པ་བརྒྱུད། ཉེ་དུས་ཁུ་བསྡུས་ཤིང་ཕན་ནུས་ཆེ་བའི་ཚད་རྡུལ་རྩིས་འཁོར་གྱི་ཚོད་འཛིན་མ་ལག་ཅིག་ཞིབ་བཟོ་ལམ་ལྷོངས་བྱུང་བ་དེས་ཚད་རྡུལ་སྙིང་ལྕགས་ཀྱི་བཀོལ་སྤྱོད་དང་དེའི་ནུས་པའི་ལེགས་ཆ་འདོན་ཐུབ་པས། མ་ལག་ཆ་ཚང་དེར་རང་ཁུངས་ཚད་རྡུལ་ཚད་ལེན་ཚོད་འཛིན་གྱི་གཞི་གཅིག་ཏུ་འདུས་པའི་འཕྲུལ་འཁོར་ཞེས་མིང་བཏགས་པ་དང་ཟླ་12ཚེས་6ཉིན་ནས་དངོས་སུ་ཕྱིར་འདོན་རྒྱུ་ཡིན་པ་རེད།