འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་9ཉིན།

༄༅།།རྔ་ཆེན་གྱི་འཐུང་ཆུ་བཟོ་གྲྭ

གོ་ལ་ཧྲིལ་པོའི་ས་མཐོའི་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ས་ངོས་འཐུང་ཆུའི་བཟོ་གྲྭ་བསྐྲུན་ཟིན་ནས་སྤྱོད་གྲབས་ཡོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་09ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།རྔ་ཆེན་གྱི་འཐུང་ཆུ་བཟོ་གྲྭ
             རྔ་ཆེན་གྱི་འཐུང་ཆུ་བཟོ་གྲྭའི་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གར་པ་གྲོང་ཚོར་གནས་པ་དང་། བཟོ་གྲྭའི་རྒྱ་ཁྱོན་ལ་མུའུ་182.8དང་། ཉིན་རེར་ཆུ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་48ཟིན་པ། ཆུ་འདྲེན་ལྕགས་མདོང་སྤྱི་ལེ་132.2ཟིན་པ། རྣམ་གྲངས་ལ་མ་དངུལ་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར་13.6ཟིན་པ། ཆུ་མཁོ་འདོན་བྱེད་རྒྱའི་ནང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྣེའུ་ཁུལ་གསར། རིག་གནས་བསམ་བཀོད་ཐོན་ལས་གླིང་། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། བཟོ་ལས་གླིང་སོགས་ཡོད། འཐུང་ཆུ་བཟོ་གྲྭ་དེ་2016ལོའི་ཟླ་5པར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། བསྐྲུན་ཟིན་རྗེས་གོ་ལ་ཧྲིལ་པོའི་ས་མཐོའི་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ས་ངོས་འཐུང་ཆུ་བཟོ་གྲྭར་འགྱུར་རྒྱུ་རེད། མིག་སྔར་ཆུ་འཐེན་འཁོར་ཁང་དང་། དྭངས་བསིང་རྫིང་བུ། དྭངས་ཆུའི་རྫིང་བུ། རིམ་པ་གཉིས་པའི་ཆུ་འཐེན་འཁོར་ཁང་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་གཞི་རྩའི་ཆར་སྐྲུན་ཟིན་ཅིང་། འདི་ནི་འཐུང་ཆུ་བཟོ་གྲྭ་ཧྲིལ་པོའི་རྣམ་པ་ཡིན་པ།