འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་9ཉིན།

༄༅།།མཚོ་སྔོན་དུ་རང་རྒྱལ་གྱི་ས་བབ་མཐོ་བའི་གློག་ཆེན་ཚོད་ལྟའི་ཚོམས་ཆེན་རིང་ཤོས་དེ་བསྐྲུན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་09ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་9900བཏང་བའི་མཚོ་སྔོན་གྱི་ས་བབ་མཐོ་བའི་གློག་ཆེན་ཚོད་ལྟ་ཁང་གི་གློག་ཆེན་ཚོད་ལྟའི་ཚོམས་ཆེན་ཉིན་ཤས་གོང་བདེ་བླག་ངང་ལས་མཇུག་འགྲིལ་ནས་རྩིས་ལེན་བྱས་པ་རེད།
            རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཞའོ་ཁུའུ་ཡིས་ངོ་སྤྲོད་བྱས་པར། 2016ལོའི་ཟླ་9པར་ཚོད་ལྟའི་ཚོམས་ཆེན་དངོས་སུ་ལས་འགོ་ཚུགས་པ་དང་གཙོ་བོ་ཆན་ཕུའུ་1000གི་སྤེལ་རྒྱུག་དང་ཆན་ཕུའུ་±1100ཡི་ཐད་རྒྱུག་གི་གློག་འགོག་ཚོད་ལྟ་དང་ཆན་ཕུའུ་±800ཡི་བརྗེས་རྒྱུག་བཟོ་གྲྭའི་ཚོད་ལྟའི་ནུས་པ་ལྡན་ཡོད། ཚོད་ལྟའི་ཚོམས་ཆེན་གྱི་ཨར་སྐྲུན་མཐོ་ཚད་ལ་སྨི་70ཙམ་ཡོད་པ་དེ་ནི་རང་རྒྱལ་གྱི་ས་བབ་མཐོ་བའི་གློག་ཆེན་ཚོད་ལྟའི་ཚོམས་ཆེན་རིང་ཤོས་དེ་ཡིན་པ་རེད།
          “ཚོད་ལྟའི་ཚོམས་ཆེན་དེ་རང་རྒྱལ་གྱི་ཆེས་མཐོའི་གློག་གནོན་ཚོད་ལྟའི་ཚོམས་ཆེན་འཛུགས་སྐྲུན་ལས་གྲྭའི་ཚད་གཞི་ཅན་གྱི་དཔེ་སྟོན་དང་མ་དཔེ་ཡིན་པས་མིག་སྔའི་རྒྱལ་ནང་གི་ས་བབ་མཐོ་བའི་གློག་ཆེན་ཚོད་ལྟའི་ཚོམས་ཆེན་གྱི་ཇུས་འགོད་དང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད”ཅེས་དབྱང་ཞའོ་ཁུའུ་ཡིས་བཤད།
            རང་རྒྱལ་གྱིས་དེ་གོང་ས་བབ་མཐོ་བའི་གློག་འགོག་གློག་གཏོང་གི་ཚོད་ལྟ་མང་པོ་བྱེད་མྱོང་མོད། འོན་ཀྱང་མང་ཆེ་བ་ཕྱི་རོལ་གྱི་གནས་སྐབས་ཚོད་ལྟ་ར་བར་བྱས་པས་གྲངས་གཞིར་དབྱེ་ཞིབ་དང་ཐག་གཅོད་གཅིག་གྱུར་བྱེད་ཐབས་བྲལ། ཡིན་ནའང་གློག་ཆེན་ཚོད་ལྟའི་ཚོམས་གྱི་ཚོད་ལྟའི་གྲངས་གཞི་རྨང་གཞིར་བྱེད་པ་དང་ས་བབ་མཐོ་བའི་ཕྱི་རོལ་གྱི་གནས་སྐབས་ཚོད་ལྟ་ར་བའི་གྲངས་གཞི་དེ་འདེགས་སྐྱོར་དུ་བྱས་ཚེ། བརྒྱུད་རིམ་ཅུང་ཆ་ཚང་བའི་གྲངས་གཞིའི་དབྱེ་ཞིབ་མ་ལག་ཆགས་ཐུབ།
           དབྱང་ཞའོ་ཁུའུ་ཡིས་གོང་གསལ་གྱི་ཚོད་ལྟའི་ཚོམས་ཆེན་གྱི་འཛུགས་སྐྲུན་བརྒྱུད་རིམ་ནང་། སྒྲིག་ཆས་གཙོ་བོའི་ནུས་པའི་དཔྱད་གྲངས་ཇུས་འགོད་དང་། ཚ་ལ་རྒྱག་པའི་སྤུས་ཚད་ཀྱི་འཆར་འགོད་ཚད་གཞི། ས་ངོས་སྙོམས་པ་སོགས་ཨར་སྐྲུན་དང་ལག་རྩལ་གྱི་དཀའ་གནད་མང་པོར་ཚད་བརྒལ་ཐུབ་ནས་ས་བབ་མཐོ་བའི་ས་ཁུལ་གྱི་གློག་གཏོང་སྒྲིག་ཆས་ཀྱི་གཉེར་སྐྱོང་ཆོས་ཉིད་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་ཆེན་ཚོད་ལྟའི་ཞིབ་འཇུག་གི་ལག་རྩལ་གསར་པ་བཀོལ་སྤྱོད་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།