འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་9ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ཉེན་ཁ་ཆེ་བའི་རྡོ་སོལ་གཏེར་ཁུལ་
རིགས་དྲུག་ལ་འཕྲལ་དུ་བདེ་འཇགས་ཞིབ་བཤེར་བྱེད་དགོས་ཞེས་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་09ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་སྟེ་རྒྱུན་གཏན་བཞིན་ཐོན་སྐྱེད་དང་འཛུགས་སྐྲུན་བྱེད་པའི་རྡོ་སོལ་དང་སོལ་རླངས་མང་བ་དང་། ས་རྡིབ་ཁུལ། སོལ་རླངས་མང་བ། ཆུ་དཔྱད་ས་གཤིས་ཀྱི་རྣམ་པ་རྙོག་འཛིང་ཆེ་བ་དང་རྙོག་འཛིང་ཧ་ཅང་ཆེ་བའི་རིགས་དང་། སྔོག་འདོན་གྱི་གཏིང་ཚད་སྨི་སྟོང་ལས་བརྒལ་བ། ཐེངས་གཅིག་ལ་གཏེར་དོང་དུ་འཛུལ་མཁན་མི་གྲངས་མང་བ་སོགས་ཉེན་ཁ་ཆེ་བའི་རྡོ་སོལ་གཏེར་ཁུལ་རིགས་དྲུག་ལ་འཕྲལ་དུ་བདེ་འཇགས་ཞིབ་བཤེར་སྒྲིག་འཛུགས་བྱེད་དགོས། བདེ་འཇགས་ཐད་འགན་ལེན་མེད་པའི་རྡོ་སོལ་གཏེར་ཁུལ་གཞུང་ཁོངས་དང་དམངས་གཉེར་གང་ཞིག་ཡིན་རུང་ཐོན་སྐྱེད་ཚོད་འཛིན་བྱེད་དགོས་རིགས་ཚོད་འཛིན་དང་། ཐོན་སྐྱེད་མཚམས་འཇོག་བྱེད་དགོས་རིགས་མཚམས་འཇོག ཕྱིར་འཐེན་བྱེད་དགོས་རིགས་ཕྱིར་འཐེན་བཅས་བྱེད་དགོས་པ་ལས་རྣམ་པ་ཅི་རིགས་དང་རྒྱུ་མཚན་གང་རུང་ལ་བརྟེན་ནས་སྐྱོན་ཡོད་བཞིན་དུ་ཐོན་སྐྱེད་བྱ་མི་རུང་།
           དེའི་ནང་སྔོག་འདོན་གྱི་གཏིང་ཚད་སྨི་སྟོང་ལས་བརྒལ་བའི་ས་རྡིབ་ཁུལ་དང་རྡོ་སོལ་དང་སོལ་རླངས་མང་བའི་གཏེར་ཁུལ་ལ་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་རིགས་པས་ཁུངས་སྐྱེལ་བྱས་རྗེས་ད་ཡོད་ཀྱི་ལག་རྩལ་ཆ་རྐྱེན་འོག་བཅོས་སྒྲིག་ནུས་ལྡན་བྱེད་དཀའ་བའི་རིགས་དང་། མཚམས་འཇོག་བཅོས་སྒྲིག་གི་བཀའ་རྒྱ་དང་ལེན་མ་བྱས་པར་ཉེན་ཁ་ཡོད་བཞིན་དུ་ཐོན་སྐྱེད་བྱེད་མཁན་གྱི་རྡོ་སོལ་གཏེར་ཁུལ། མཚམས་འཇོག་བཅོས་སྒྲིག་གི་བཀའ་རྒྱ་བཏང་རྗེས་མཚམས་འཇོག་བྱས་ཀྱང་བཅོས་སྒྲིག་མི་བྱེད་པའམ་ཡང་ན་བཅོས་སྒྲིག་བྱས་རྗེས་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་སྔར་བཞིན་མ་འཛོམས་པའི་རྡོ་སོལ་གཏེར་ཁུལ་བཅས་འཕྲལ་དུ་སྒོ་རྒྱག་དགོས་པའི་མིང་གཞུང་དུ་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།
          བརྡ་ཐོའི་ནང་བདེ་འཇགས་ཀྱི་ཚད་གཞི་ནན་དུ་བཏང་ནས་ཉེན་ཁ་ཆེ་བའི་རྡོ་སོལ་གཏེར་ཁུལ་སྒྲིག་འཛུགས་བྱས་ཏེ་རང་བཤེར་རང་བཅོས་ཕྱོགས་ཡོངས་ནས་སྤེལ་དགོས་པ་དང་། གཏེར་ཁུལ་རེ་རེ་བཞིན་ལ་བདེ་འཇགས་ཀྱི་ཞིབ་བཤེར་རྣམ་པའི་གཙོ་གནད་ལྟ་ཞིབ་བྱས་ཏེ་ཉེན་ཁ་ཆེ་བའི་རྡོ་སོལ་གཏེར་ཁུལ་ཁག་གཅིག་སྒོ་རྒྱག་དགོས་པ། ཡུན་རིང་ཐོན་སྐྱེད་བྱེད་མཚམས་བཞག་པའི་རྡོ་སོལ་གཏེར་ཁུལ་ལ་ས་གནས་སྲིད་གཞུང་གིས་ཁོངས་གཏོགས་ལྟ་འདོམས་རྩ་དོན་གཞིར་བཟུང་ལྟ་སྲུང་དང་སྐོར་ཞིབ་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། 2019ལོའི་ཟླ་6པའི་ཟླ་མཇུག་གོང་ས་གནས་ཁག་གིས་རང་ས་ཁུལ་གྱི་ཉེན་ཁ་ཆེ་བའི་རྡོ་སོལ་གཏེར་ཁུལ་གྱི་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་ཟིན་དགོས་པའི་བླང་བྱ་བཏོན་པ་རེད།