འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་7ཉིན།

༄༅།།《རྒྱལ་ཁབ་ཀྱི་ནོར་བུ》ཁག་གཉིས་པ་གཏོང་འགོ་བརྩམ་རྒྱུ་ཡིན་ཞིང། སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་གི་གེ་སར་ཐང་ག་དེའི་ནང་ཚུད་འདུག

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་07ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།《རྒྱལ་ཁབ་ཀྱི་ནོར་བུ》ཁག་གཉིས་པ་གཏོང་འགོ་བརྩམ་རྒྱུ་ཡིན་ཞིང། སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་གི་གེ་སར་ཐང་ག་དེའི་ནང་ཚུད་འདུག
         མི་དམངས་དྲ་བའི་འཕྲིན། ཀུན་གྱིས་དོ་སྣང་བྱེད་པའི《རྒྱལ་ཁབ་ཀྱི་ནོར་བུ》ཞེས་པའི་ཁག་གཉིས་པ་ཟླ་12ཚེས་9ཉིན་གཏོང་འགོ་བརྩམ་རྒྱུ་ཡིན་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་ཤས་གོང་མི་རིང་བར་སྟོན་རྒྱུ་ཡིན་པའི་ལེ་ཚན་ནང་གི་སྡེ་ཚན་དགུ་དང་དེར་ཉར་ཚགས་བྱས་ཡོད་པའི་ཉར་རྫས་ཉེར་བདུན་ཁྱབ་བསྒྲགས་བྱས་ཡོད་པར། སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་གི་གེ་སར་ཐང་ག་སོགས་ཉར་རྫས་གསུམ་དེའི་ཁྲོད་ཚུད་ཡོད།
           ཟླ་12ཚེས་3ཉིན་ནས་བཟུང་། སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་གིས་འགྲེམས་ཁང་མི་འདྲ་བར《རྒྱལ་ཁབ་ཀྱི་ནོར་བུ》ནང་ཚུད་པའི་ཉར་རྫས་གསུམ་པོ་ཕྱི་ཕྱོགས་ལ་འགྲེམས་སྟོན་བྱས་ཡོད། 
         སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བའི་ཆིང་རྒྱལ་རབས་སྐབས་ཀྱི་གེ་སར་ཐང་ག་འདི་ལ་ཁྱོན་བསྡོམས་ཐང་ག་བཅུ་གཅིག་ཡོད་ཅིང་། འདྲ་པར་འདི་ནི་དེའི་ནང་གི་ཐང་ག་གཅིག་གི་ཆ་ཤས་ཤིག་རེད། གེ་སར་རྒྱལ་པོ་ནི་མི་ཚེ་ཧྲིལ་པོར་ལྷོ་འདུལ་བྱང་འཐབ་དང་དགྲ་འདུལ་གཉེན་སྐྱོང་གི་ལས་བགྱིས་ཡོད་པའི་བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད་ནང་གི་དཔའ་བོ་ཞིག་ཡིན་པ་དང་། དེས་མི་སྣ་གཙོ་བོ་བྱས་པའི་ལོ་རྒྱུས་སྙན་ངག《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་གཏོས་ཆེ་ཞིང་། སྒྲུང་བཤད་པའི་རྣམ་པ་ལ་བརྟེན་ནས་བོད་མི་རིགས་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད།
        སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་ནི་1941ལོར་བཙུགས་པ་དང་། 2009ལོར་སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པ་བཞེངས་ནས་གྲུབ། དེར་ཡིག་རིས་དང་རྫ་དཀར། ལིའི་ཡོ་ཆས། སི་ཁྲོན་མི་རིགས་ཀྱི་རིག་དངོས། བོད་བརྒྱུད་ནང་བསྟན་གྱི་རིག་དངོས་སོགས་རྒྱུན་བཙུགས་འགྲེམས་སྟོན་དང་གནས་སྐབས་འགྲེམས་སྟོན་ཁང་ཡོད།
【1】  【2】  【3】
༄༅།།《རྒྱལ་ཁབ་ཀྱི་ནོར་བུ》ཁག་གཉིས་པ་གཏོང་འགོ་བརྩམ་རྒྱུ་ཡིན་ཞིང། སི་ཁྲོན་རྟེན་རྫས་བཤམས་མཛོད་ཁང་གི་གེ་སར་ཐང་ག་དེའི་ནང་ཚུད་འདུག