མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཞལ་འཛོམས་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན་གྱི་དགོང་མོར། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སི་རུ་ཁོང་དང་མཉམ་དུ་གསོལ་ཚིགས་བཞེས་པ་དང་ཐུག་འཕྲད་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས། ལྷག་བསམ་རྣམ་དག་དང་མཛའ་བརྩེ་ཆེ་བའི་ངང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་ཐུན་མོང་ངང་དོ་སྣང་བྱེད་པའི་རྒྱལ་སྤྱིའི་གནད་དོན་ལ་གཏིང་ཟབ་པའི་ངང་དགོངས་འཆར་ལྷུག་སྩོལ་གནང་བ་དང་། ཐུན་མོང་གི་ངོས་ཟིན་གལ་ཆེན་གྲུབ་པ་རེད། ཕྱོགས་གཉིས་ཀ་ཕན་ཚུན་ཁེ་ཕན་གཉིས་ལྡན་གྱི་རྨང་གཞིའི་ཐོག་མཉམ་ལས་རྒྱ་བསྐྱེད་རྒྱུ་དང་ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་ཐོག་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱས་ནས། ཐུན་མོང་ངང་སྙོམས་སྒྲིག་དང་མཉམ་ལས། བརྟན་ལྷིང་བཅས་རྨང་གཞི་བྱེད་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་འདེད་བྱ་རྒྱུར་ཕྱོགས་གཉིས་ཀར་མོས་མཐུན་བྱུང་ཡོད། 
         ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་ཕྱོགས་ལ་ཐུན་མོང་ངང་འོས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད་པ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡག་པོ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྤྱི་ཁྱབ་ཀྱི་རེ་བའང་ཡིན། མཉམ་ལས་ནི་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀས་བདམས་གསེས་ཡག་ཤོས་དེ་ཡིན་ལ། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དམ་དུ་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་ཡུན་རིང་པོར་བདེ་ཐང་དང་བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་བས་བདེ་སྐྱིད་སྐྲུན་དགོས་པ་བསྟན།
         ཐེ་རོམ་ཕུ་ཡིས་ཞི་ཅིན་ཕིང་གི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་བྱས་པ་དེར་ཡིད་མོས་བྱས་ཤིང་། ཐེ་རོམ་ཕུ་ཡིས། ཨ་རི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་དམིགས་བསལ་དང་གལ་ཆེན་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀ་ནི་འཛམ་གླིང་ལ་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཡིན། ཕྱོགས་གཉིས་ཀས་མཉམ་ལས་འབྲེལ་བ་ཡག་པོ་རྒྱུན་སྲུང་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་ཐོགས་ཆེན་པོ་ཡོད་ཅིང་། ཨ་རིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་དུ་གཏོང་བར་གྲོས་མོལ་བྱེད་འདོད་ཡོད་པ་མ་ཟད། ད་དུང་ཕྱོགས་གཉིས་ལ་གནས་ཡོད་པའི་གནད་དོན་ཐད་ཕྱོགས་གཉིས་ཀར་ཕན་ནུས་ལྡན་པའི་ཐག་གཅོད་ཀྱི་ཐབས་ལམ་དཔྱད་བསྡུར་བྱ་རྒྱུ་ཡིན་པ་བསྟན། 

  
style="display:none;"