འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་3ཉིན།

༄༅།།སྣུམ་གྱི་རིན་གོང་སླར་ཡང་མར་ཆག་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།སྣུམ་གྱི་རིན་གོང་སླར་ཡང་མར་ཆག་པ།
          མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་སྣུམ་རིན་གྱི་ཤུགས་རྐྱེན་ཐེབས་ནས། རྒྱལ་ནང་གི་སྣུམ་རིན་ལོའི་ནང་གཅོག་ཐེངས་དགུ་པ་བསུས་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི《རྒྱལ་ནང་གི་བཅོས་སྣུམ་གྱི་རིན་གོང་ལམ་སྲོལ་ལྟར་དམའ་རུ་བཏང་བའི》དགོངས་དོན་ལྟར། ལྷ་སའི་བཅོས་སྣུམ་རིན་གོང་ཟླ་11ཚེས་30ཉིན་གྱི་ཆུ་ཚོད་24ནས་བཟུང་དུས་མཉམ་དུ་དམའ་རུ་བཏང་བས།  དེ་རྒྱ་ཆེའི་རླངས་འཁོར་སྤྱོད་མཁན་གྱི་ངོས་ནས་བཤད་ན་དགའ་ཚོར་སྐྱེད་འོས་པའི་གནས་ཚུལ་ཞིག་ཡིན་པ་རེད།
          ཟླ་12ཚེས་2ཉིན་གྱི་སྔ་དྲོ། གསར་འགོད་པས་ལྷ་སའི་སྣུམ་སྣོན་ས་ཚིགས་ཆེ་གྲས་ཁག་ཏུ་ས་གནས་ས་ཐོག་ཏུ་བཅར་འདྲིར་བསྐྱོད་ནས་ཤེས་རྟོགས་བྱུང་བར། རླངས་སྣུམ་ཨང་གྲངས་92པ་ཀུང་ཧྲེང་རེར་དེ་སྔའི་སྒོར་8.16ནས་སྒོར་7.73བར་དམའ་རུ་བཏང་བས་སྒོར་7གྱི་དུས་རབས་སུ་སླེབས་ཡོད། རླངས་སྣུམ་ཨང་གྲངས་95པ་ཀུང་ཧྲེང་རེར་སྒོར་8.63ནས་སྒོར་8.17བར་དམའ་རུ་བཏང་བས་ཀུང་ཧྲེང་རེར་སྒོར་0.46བཅག་ཡོད། ཁྲའེ་ཡིའུ་སྣུམ་ཨང་གྲངས་- 35ལ་ཀུང་ཧྲེང་རེར་སྒོར་8.57ནས་སྒོར་8.06བར་དམའ་རུ་བཏང་བས་ཀུང་ཧྲེང་རེར་སྒོར་0.51བཅག་ཡོད། ཁྲའེ་ཡིའུ་སྣུམ་ཨང་གྲངས་-20ལ་ཀུང་ཧྲེང་རེར་སྒོར་8.31ནས་སྒོར་7.82བར་དམའ་རུ་བཏང་བས་ཀུང་ཧྲེང་རེར་སྒོར་0.49བཅག་ཡོད། ཁྲའེ་ཡིའུ་སྣུམ་ཨང་གྲངས་-10ལ་ཀུང་ཧྲེང་རེར་སྒོར་7.92ནས་སྒོར་7.45བར་དམའ་རུ་བཏང་བས་ཀུང་ཧྲེང་རེར་སྒོར་0.47བཅག་ཡོད།  ཁྲའེ་ཡིའུ་སྣུམ་ཨང་གྲངས་0ལ་ཀུང་ཧྲེང་རེར་སྒོར་7.45ནས་སྒོར་7.01བར་དམའ་རུ་བཏང་བས་ཀུང་ཧྲེང་རེར་སྒོར་0.44བཅག་ཡོད་པ་བཅས་རེད།
         སྣུམ་སྣོན་ས་ཚིགས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། བཅོས་སྣུམ་གྱི་རིན་གོང་དམའ་རུ་བཏང་རྗེས། སྣུམ་བླུགས་མཁན་གྱི་རླངས་འཁོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། སྣུམ་བླུགས་ཚད་ཀྱང་ཇེ་མང་དུ་ཕྱིན་ཡོད། གསར་འགོད་པས་དཔལ་འབྱོར་གྱི་རྩིས་ཤིག་བརྒྱབ་པས་རླངས་འཁོར་ཆུང་གྲས་ཤིག་གི་ཀུང་ཧྲེང་50ཡི་སྣུམ་གྱི་ཚད་གཞིར་གཞིགས་ན། སྣུམ་སྒམ་གང་བླུགས་ཚེ་དངུལ་སྒོར་20.5ནས་སྒོར་25.5བར་གྲོན་ཆུང་ཐུབ་ཀྱི་ཡོད།
༄༅།།སྣུམ་གྱི་རིན་གོང་སླར་ཡང་མར་ཆག་པ།