འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་3ཉིན།

༄༅།།སྣང་བ་སྐྱིད་པའི་ལུས་སྦྱོང་། བདེ་ཐང་མཉམ་དུ་ལོངས་སྤྱོད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།སྣང་བ་སྐྱིད་པའི་ལུས་སྦྱོང་། བདེ་ཐང་མཉམ་དུ་ལོངས་སྤྱོད།
         ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུར་སྐུལ་འདེད་བཏང་ཞིང་། 《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་གི་ལག་བསྟར་འཆར་གཞི(2016ལོ་ནས་2020ལོ་བར)》ཡི་བླང་བྱ་ལྟར། སྤྱི་པའི་ལུས་རྩལ་སྒྲིག་བཀོད་ཀྱི་རིམ་པ་སྤར་བ་དང་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ། རི་འཛེགས་དང་། རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར། རྐང་ཐང་འདུ་ཚོགས། མར་སུན་འན་ག་སོགས་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་། མང་ཚོགས་ཀྱི་གཟུགས་པོའི་བྱང་ཚད་མཐོ་རུ་བཏང་བ། བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་བ་བཅས་ཀྱི་ཐོག་ནས“བདེ་ཐང་བོད་ལྗོངས”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི“ལུས་རྩལ་རྒྱན་ཤོག་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་བདམས་ཐོན་པ་ཚོས་འགྲན་བསྡུར་ཛ་དྲག་པོ་བྱེད་བཞིན་པ་རེད།