འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་30ཉིན།

༄༅།།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་དུ་བཅར་འདྲིར་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་30ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་དུ་བཅར་འདྲིར་བསྐྱོད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན། ཀྲུང་གོའི"བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས"དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འགྲོ་བ་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མཚོན་བྱེད་མིང་ཐོར་བཀོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལུམས་བཅོས་ལ་སྨན་སྣ་བརྒྱ་ལྷག་འདུས་ཡོད་པ་དང་། སྨན་ཁང་འདི་གས་སྤྱིར་བཏང་“བདུད་རྩི་ལྔ་ལུམས”ཀྱི་ཐབས་སྤྱོད་ཀྱི་ཡོད་དེ། དེ་ནི་ཚེར་ཤུག་དང་། ད་ལི་མེ་ཏོག  འོམ་བུ། མཁན་པ་སོགས་རྩྭ་སྨན་གཙོར་བྱས་ཤིང་། དེ་རྗེས་ནད་པ་རེ་རེའི་ནད་ཀྱི་ངོ་བོ་དང་གནས་ཚུལ་ལ་བལྟས་ནས་སྨན་སྣ་རིགས་ཉི་ཤུ་ལྷག་གདུས་ནས་ཁུ་བ་བཏོན་ཏེ། དྲོད་གྲང་ཏུའུ་42ཀྱི་མཚམས་ལ་ཁྲུས་བྱེད་པའི་ཐབས་ཤིག་ཡིན་པ་དང་། གཙོ་བོ་གྲུམ་བུའི་རིགས་ཀྱི་ནད་དང་། དྲེག་ནད། རེངས་གཤིས་སྒལ་ཚིགས་ཀྱི་ནད་རིགས་ལ་ཕན་པ་ཡོད།
     གསར་འགོད་པས་ལུམས་བཅོས་ཚན་ཁག་གི་ཐོག་བརྩེགས་བདུན་པ་ནས་མཐོང་གསལ། བསྟར་གཅིག་ཏུ་བསྒྲིགས་པའི་སྒོར་དབྱིབས་སླ་ང་ཆེན་པོའི་ནང་། རིང་ཚད་སྨི་སུམ་ཅུ་ཙམ་དང་མཐོ་ཚད་ལ་སྨི་ཉི་ཤུ་ཙམ་ཡོད་པའི་སེང་རས་ཀྱིས་བཏུམས་པའི་སྨན་ཁུག་བཞག་ཡོད་ཅིང་། སྨན་ཁུ་གདུ་དགོས་དུས་སླ་ངར་ཆུ་བླུགས་རྗེས་རླངས་པས་ཚ་པོ་བཟོས་ནས་སྨན་སྐོལ་གྱི་ཡོད། དུས་ཡུན་ཆུ་ཚོད་2ཀྱི་རྗེས་སུ། སྦུག་ལམ་བརྒྱུད་ནས་ཐོག་བརྩེགས་འོག་མའི་ནད་ཁང་དག་གི་ཁྲུས་གཞོང་ལ་སྐྱེལ་གྱི་ཡོད།  འདི་ནི་ཟླ་11ཚེས་29ཉིན། གསར་འགོད་པ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་ཏུ་བཅར་འདྲི་བསྐྱོད་པ་ཡིན། 
【1】  【2】  【3】
༄༅།།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་དུ་བཅར་འདྲིར་བསྐྱོད་པ།