འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་29ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མ་དབུལ་པོ156ལ་སྤྱི་ཕན་སློབ་སྐྱོར་རོགས་དངུལ་ཐོབ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་29ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མ་དབུལ་པོ156ལ་སྤྱི་ཕན་སློབ་སྐྱོར་རོགས་དངུལ་ཐོབ།
     མི་དམངས་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་ཕན་བདེའི་བྱ་དགའི་འཛིན་ཤོག་ལྟེ་གནས་ཀྱི་2018ལོའི་ལོ་འཁོར་གྱི་“ཕན་བདེའི་བྱ་དགའ། བརྩེ་བ་མཐོ་སྒང་ལ་བཅངས”ཞེས་པའི་བོད་ལྗོངས་ཕན་བདེའི་བྱ་དགའི་འཛིན་ཤོག་སློབ་སྐྱོར་བྱེད་སྒོ་ཟླ་11ཚེས་27ཉིན་ལྷ་སར་སྤེལ་བ་དང་། བོད་ལྗོངས་ཀྱི་སློབ་ཆེན་སློབ་མ་དབུལ་པོ156ལ་སློབ་སྐྱོར་རོགས་དངུལ་ཐོབ།
    བྱེད་སྒོ་སྤེལ་བའི་ཉིན་དེར། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་གསོ་རིག་སློབ་གླིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། ལྷ་སའི་དགེ་འོས་སློབ་གྲྭ་སོགས་ཆེད་སྦྱོང་སློབ་གྲྭ་ཁག་གི་སློབ་མ་དབུལ་པོ156ལ་མི་རེར་སྒོར་500གི་རོགས་དངུལ་སྤྲད་པ་རེད།