འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་27ཉིན།

༄༅།།“མཐིལ་རྟོགས”རྟགས་ཅན་གྱི་མི་མེད་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་ཐོག་འཛེགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་27ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།“མཐིལ་རྟོགས”རྟགས་ཅན་གྱི་མི་མེད་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་ཐོག་འཛེགས་པ།
        མི་དམངས་དྲ་བའི་འཕྲིན། ཨ་རིའི་མཁའ་སྐྱོད་ཅུས་ཀྱི “མཐིལ་རྟོགས”རྟགས་ཅན་གྱི་མི་མེད་འཚོལ་ཞིབ་འཕྲུལ་ཆས་དེ་ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་26ཉིན་གྱི་ཆུ་ཚོད་14དང་སྐར་མ་54(པེ་ཅིང་གི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་3དང་སྐར་མ་54)ཡི་ཐོག་སྐར་མ་མིག་དམར་ཐོག་བདེ་བླག་ངང་བབས་ཏེ། མིའི་རིགས་ཀྱིས་ཐེངས་དང་པོར་སྐར་མ་མིག་དམར་གྱི་“སེམས་གཏིང་”གི་གསང་བ་འཚོལ་ཞིབ་བྱེད་པའི་ལས་འགན་བསྒྲུབ་རྒྱུ་རེད། ཟླ་11ཚེས་26ཉིན་ཨ་རིའི་མཁའ་སྐྱོད་ཅུས་ཀྱིས་མཁོ་འདོན་བྱས་པའི་པར་རིས་ལས་མངོན་པའི་“མཐིལ་རྟོགས”རྟགས་ཅན་མི་མེད་འཚོལ་ཞིབ་འཕྲུལ་ཆས་ཀྱིས་ཕྱིར་བསྐུར་བའི་སྐར་མ་མིག་དམར་གྱི་པར་རིས་ཐོག་མ།