འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་27ཉིན།

༄༅།།སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་བསྐྲུན་པར་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་27ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། 
     《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཉེ་ཆར་ཡོངས་བསྒྲགས་བྱས་པ་དེ་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་ཏང་ཀྲི་པུའི་ལས་དོན་སྐོར་གྱི་རྨང་གཞིའི་གཙོ་རྐང་གི་ཁྲིམས་སྲོལ་ཁག་དང་པོ་དེ་རེད། 《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་སྒྲིག་ཡིག་གི་བླང་བྱ་ལག་བསྟར་བྱེད་པ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་བྱས་ནས“ཀྲི་པུའུ་ལེན་ནང་འཛུགས་པའི”གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་བ་དང་འབྲེལ་ཏང་ཀྲི་པུའུ་འཛུགས་པའི་བྱེད་ཐབས་གསར་པ་དང་ཉམས་མྱོང་གསར་པ་མངོན་ཏེ་མཛུབ་ཁྲིད་རང་བཞིན་དང་དུས་རབས་ཀྱི་ཁྱད་ཆོས་ཤུགས་ཆེན་ལྡན་ནས་དུས་རབས་གསར་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་ཆེད་གཞི་རྩའི་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་ཡོད།
     ཁང་བརྩེགས་དགུ་ཐོག་ས་རྡུལ་སྤུངས་ནས་བསྐྲུན། ཏང་ཀྲི་པུའུ་ནི་ཏང་གི་རྨང་གཞིའི་རྩ་འཛུགས་དང་། ཏང་གི་རྩ་འཛུགས་མ་ལག་གི་གཞི་རྩའི་ཚན་པ། ཏང་གི་སྤྱི་ཚོགས་གཞི་རིམ་རྩ་འཛུགས་ཁྲོད་ཀྱི་དམག་འཐབ་མཁར་རྫོང་། ཏང་གི་ལས་དོན་ཡོངས་དང་འཐབ་ནུས་ཀྱི་རྨང་གཞི་བཅས་རེད། ཏང་ཡོངས་ཀྱི་ཏང་ཀྲི་པུའུ་ཁྲི་400ལྷག་ཙམ་ས་ཁུལ་ཁག་དང་ཁྱབ་ཁོངས་ཁག་ཏུ་ཡོངས་ཁྱབ་ངང་གནས་ནས་ཏང་གི་སྲིད་སྐྱོང་བ་གམ་གྱི་རྨང་གཞི་བརྟན་པོ་ཞིག་ཆགས་པ་དེ་ནི་རང་རེའི་ཏང་གི་རྩ་འཛུགས་ཀྱི་ལེགས་ཆ་ཆེན་པོ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་དགོངས་པ་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཀྲི་པུའུ་ཚང་མ་དང་ཏང་ཡོན་མི་རེ་ངོ་རེར་དོན་འཁྱོལ་ཐུབ་རྒྱུར་ནན་བཤད་མངོན་གསལ་དོད་པོ་བྱས་ཏེ་ཏང་ཡོངས་སུ་གཞི་རིམ་ལ་དམ་འཛིན་དང་ཀྲི་པུའུ་ལ་དམ་འཛིན་བྱེད་པའི་འཕེལ་ཕྱོགས་བཟང་པོ་ཆགས་རྒྱུར་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད། དེང་སྐབས་རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་དང་ཆབ་སྲིད་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་ཏང་ཀྲི་པུའུ་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཐོག་ཏང་གི་ཡུན་རིང་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས།
     གཞི་རིམ་ལས་དོན་ཁྲོད་ཏང་ཀྲི་པུའུ་ཡིས་གནས་བབ་གཙོ་བོ་བཟུང་དགོས་ཤིང་། 《སྲོལ་ཡིག》གིས་ཏང་གི་སྒྲིག་ཡིག་དེ་རྩ་བའི་བརྩི་སྲུང་ཞུ་སར་བྱས་ནས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་དང་ཆབ་སྲིད་ཀྱི་ནུས་པར་ཤུགས་སྣོན་རྒྱག་རྒྱུར་དམིགས་པ་དང་ཏང་ཀྲི་པུའུ་ཡིས་ཐད་ཀར་ཏང་ཡོན་ལ་སློབ་གསོ་རྒྱག་པ་དང་། ཏང་ཡོན་ལ་དོ་དམ་བྱེད་པ། ཏང་ཡོན་ལ་ལྟ་སྐུལ་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། 
     མང་ཚོགས་གཅིག་སྡུད། མང་ཚོགས་ལ་ཞབས་ཞུ་བཅས་ཀྱི་འགན་འཁྲི་མངོན་གསལ་དོད་པོ་ཁུར་ནས་ཏང་ཀྲི་པུའི་གཞི་རྩའི་ལས་འགན་དང་ཁྱབ་ཁོངས་ཁག་གི་ཏང་ཀྲི་པུའི་གཙོ་གནད་ལས་འགན་བཏོན་ཐོག་ཏང་ཀྲི་པུའུ་ཡིས་གནས་བབ་གཙོ་བོ་འཛིན་རྒྱུར་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་དང་ལས་ཀའི་ཚད་གཞི་གསལ་པོ་བཟོས་ཡོད། 《སྲོལ་ཡིག》གི་བླང་བྱ་གཞིར་བཟུང་ཁྱབ་ཁོངས་ཁག་གི་ཏང་ཀྲི་པུའུ་ཚང་མས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་གཙོ་བོར་འཇོག་པ་མཐའ་འཁྱོངས་བྱས་ཏེ་ཏང་གི་དགོངས་དོན་དང་མང་ཚོགས་ལམ་ཕྱོགས་རང་རྟོགས་ངང་ལག་བསྟར་བྱས་ནས་འགན་འཁྲི་གཙང་སྒྲུབ་ནན་པོ་དང་། ནུས་པ་འདོན་སྤེལ་གང་ལེགས། ཏང་ཡོན་སྒྲིག་འཛུགས། མང་ཚོགས་སྐུལ་སློང་བཅས་བྱས་ནས། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་འགན་ལེན་བྱས་ཁར། གཞི་རིམ་རྩ་འཛུགས་ཁྲོད་ཀྱི་ཏང་གི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་དངོས་སུ་འགྱུར་བར་བྱེད་དགོས།
     ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། 《སྲོལ་ཡིག》གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་གནད་དོན་ཕྱོགས་སྟོན་དུ་མངོན་གསལ་དོད་པོ་བཟུང་ནས་ཞན་ཆ་གསབ་རྒྱུར་དམིགས་ཏེ་ཏང་ཀྲི་པུའུ་ཡི་བཀོད་སྒྲིག་གསར་གཏོད་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་། རྩ་འཛུགས་ཀྱི་འཚོ་བ། ཏང་ཀྲི་པུའུ་ཡི་ཨུ་ལྷན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་གཏན་འབེབས་གསལ་པོ་བཟོས་ཡོད་པ་རེད། 《སྲོལ་ཡིག》གི་བླང་བྱ་གཞིར་བཟུང་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་ཏང་ཀྲི་པུའུ་འཛུགས་སྐྱོང་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་དར་ཁྱབ་ཁོངས་སུ་ཏང་ཀྲི་པུའུ་རྒྱ་ཆེར་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གང་དུ་འཕེལ་རྒྱས་བཏང་བ་དེ་གར་ཏང་ཀྲི་པུའུ་འཛུགས་ཐུབ་པ་བྱས་ཏེ་ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་ཡོངས་ཁྱབ་ཐུབ་པ་བྱེད་དགོས། རྩ་འཛུགས་ཀྱི་བཀོད་སྒྲིག་ལེགས་སུ་དང་ཁོངས་གཏོགས་ཀྱི་འབྲེལ་བ་གསེད་བཀྲོལ་བྱས་ནས་ལས་ཀའི་ལམ་སྲོལ་འཐུས་ཚང་དང་ལས་དོན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཀྲི་པུའུ་བརྟན་པོའི་ངང་འཛུགས་ཐུབ་པ་མ་ཟད། འཁོར་རྒྱུག་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། ཏང་ཀྲི་པུའུ་ཡི་ལས་ཀའི་གསོན་ཤུགས་འཕེལ་བར་བྱས་ནས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་དོན་འཁྱོལ་མཐའ་འཁྱོངས་ཀྱིས་ཏང་ཡོན་གྱི་འཆར་ཅན་རང་བཞིན་གྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ། ཞབས་ཞུ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཐོག་ཏང་ཀྲི་པུའུ་ལ་དྲང་ནུས་དང་འཐབ་ནུས་ཀྱིས་ཁེངས་པར་བྱེད་དགོས།
      ཁང་པ་སྐྲུན་འདོད་ན་རྩིག་རྨང་ཡག་པོ་འདིང་དགོས་ཤིང་། ཏང་ཀྲི་པུའུ་ལ་མཐོང་ཆེན་དང་ཏང་ཀྲི་པུའུ་ལ་དམ་འཛིན་མཁས་པོ་བྱེད་པ་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཆབ་སྲིད་ཐད་བྱང་ཆུབ་པའི་མཚོན་ཚུལ་ཞིག་རེད། གལ་ཏེ་ས་ཆ་ཞིག་དང་ཚན་པ་ཞིག་གི་ཏང་ཀྲི་པུའི་འཛུགས་སྐྱོང་ཐད་གནད་དོན་མང་པོ་ལྷག་ཚེ་ས་ཆ་དེ་དང་ཚན་པ་དེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་གཙང་སྒྲུབ་ཐུབ་མེད་ལ་ལས་དོན་དམ་འཛིན་ཡག་པོ་བྱུང་མེད། 《སྲོལ་ཡིག》གིས་ཏང་ཨུད(ཏང་ཙུའུ)དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཐད་གཏན་འབེབས་རེ་རེ་བཞིན་བཟོས་ནས་དབང་ཆ་སྤྲད་པ་མ་ཟད་འགན་འཁྲིའང་གསལ་བཟོ་བྱས་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས“འདུ་ཤེས་བཞི”བརྟན་པོ་བཅངས་ནས་ཏང་ཀྲི་པུའུ་ལ་དམ་འཛིན་ཡག་པོ་བྱེད་པ་ནི་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་བྱེད་པའི་གཞི་རྩའི་ནང་དོན་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཞི་རྩའི་ལས་འགན། ཏང་འཛུགས་སྐྱོང་གི་ལས་ཀའི་ཕན་འབྲས་ཞིབ་དཔྱད་བྱེད་པའི་གཞི་རྩའི་ཚད་གཞི་བཅས་སུ་བརྩིས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་སྒྲིག་འཛུགས་དང་སྐུལ་འདེད་བཏང་སྟེ་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་ཀྲི་པུའུ་ལས་དོན་ལ་དམ་འཛིན་ཡག་པོ་དང་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་དུས་རབས་གསར་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།