འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་26ཉིན།

༄༅།།རིག་གནས་ཡུལ་སྐོར་པུའུ་དང་ནོར་སྲིད་པུས་སྤྱི་ཚོགས་ཀྱི་མ་དངུལ་རིག་གནས་ཁྱབ་ཁོངས་ཀྱི་PPP
རྣམ་གྲངས་ལ་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་26ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རིག་གནས་ཡུལ་སྐོར་པུའུ་དང་ནོར་སྲིད་པུས་རིག་གནས་ཁྱབ་ཁོངས་སུ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་དངུལ་མཉམ་ལས་བྱེད་སྟངས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་མཉམ་དུ་བཏོན་པའི་ནང་། སྤྱི་ཚོགས་ཀྱི་དགོས་མཁོ་བརྟན་པོ་ཡོད་པ་དང་། གཉེར་སྐྱོང་རང་བཞིན་ལྡན་པ། ནུས་པ་ལྟར་གྲོན་དངུལ་བསྡུ་ཆོག་པ། སྤྱི་པའི་རང་བཞིན་ཅུང་ཆེན་པོ་ལྡན་པ་བཅས་ཀྱི་རིག་གནས་རྣམ་གྲངས་ཐད་PPPརྣམ་པ་སྤྱོད་རྒྱུའི་སྐུལ་ལྕག་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
           མཛུབ་ཁྲིད་བསམ་འཆར་ནང་དུ། ས་གནས་ཁག་གི་སྲིད་གཞུང་རང་བཞིན་གྱི་མ་དངུལ་མཉམ་འདྲེས་ཁག་ཐེག་དང་ཡང་བསྐྱར་ཁག་ཐེག་སྒྲིག་གཞི་ཁག་ལ་རིག་གནས་PPPརྣམ་གྲངས་ལ་ཞུགས་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡིད་རྟོན་ཆེར་སྐྱེད་ཞབས་འདེགས་མཁོ་འདོན་བྱེད་རྒྱུའི་སྐུལ་ལྕག་གཏོང་དགོས་པ་དང་། ཚོང་སྤྱོད་མཉམ་ལས་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ནས་དངུལ་རྩའི་སྒྲིག་གཞི་ཁག་ལ་རིག་གནས་PPPརྣམ་གྲངས་ཀྱི་དངུལ་རྩའི་དགོས་མཁོའི་ཁྱད་ཆོས་ལ་དམིགས་ཏེ་མ་དངུལ་མཉམ་འདྲེས་ཞབས་འདེགས་ཞུ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས་པ། ཀྲུང་གོའི་སྲིད་གཞུང་དང་ཁེ་ལས་དབར་གྱི་མཉམ་ལས་ཀྱི་མ་དངུལ་ཐེབས་རྩའི་ཁྲིད་སྟོན་དང་། ཚད་ལྡན། ཡིད་རྟོན་ཆེར་སྐྱེད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རིག་གནས་PPPམ་དངུལ་ཐེབས་རྩ་གང་མགྱོགས་འཛུགས་དགོས་པ། ས་གནས་སྲིད་གཞུང་ལ་ཐེབས་རྩ་ཚད་ལྡན་ངང་རིག་གནས་PPPརྣམ་གྲངས་ལ་ཞུགས་རྒྱུར་ཁྲིད་སྟོན་བྱེད་རྒྱུའི་སྐུལ་ལྕག་བཏང་ནས། དངུལ་རྩའི་སྒྲིག་གཞི་སྔར་བས་མང་པོས་རིག་གནས་PPPརྣམ་གྲངས་ཀྱི་མ་དངུལ་མཉམ་འདྲེས་ལ་རྒྱབ་སྐྱོར་བྱེད་པར་སྐུལ་ཁྲིད་བྱེད་དགོས་པ། ཆ་རྐྱེན་འཛོམས་པའི་རིག་གནས་PPPརྣམ་གྲངས་ཁག་གིས་བུན་འཛིན་དང་རྒྱུ་ནོར་དངུལ་འཛིན་ཅན་སོགས་ཀྱི་མ་དངུལ་མཉམ་འདྲེས་བྱེད་སྟངས་གང་བདེར་སྤྱད་དེ། མ་དངུལ་མཉམ་འདྲེས་ཐབས་ལམ་རྒྱ་སྐྱེད་དང་གསོག་ཐེབས་རྒྱུ་ནོར་ཕན་སྒྱུར་གྱིས་སྣ་མང་ཅན་དང་། ཚད་ལྡན་ཅན། ཁྲོམ་ར་ཅན་བཅས་ཀྱི་རྒྱུ་ནོར་རྒྱུན་འཁོར་དང་ཕྱིར་འཐེན་ཐབས་ལམ་འཚོལ་ཞིབ་བྱས་ནས་འཛུགས་དགོས་པ། ས་གནས་ཁག་གི་རིག་གནས་དངུལ་རྩའི་ཞབས་འདེགས་ལྟེ་གནས་ཀྱིས་རིག་གནས་PPPརྣམ་གྲངས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་པ་བཅས་བཏོན་ཡོད་པ་རེད།