འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་21ཉིན།

༄༅།།ཐང་གའི་སྒྱུ་རྩལ་དུས་ཆེན་མཐོ་གྲས་གླེང་སྟེགས་པེ་ཅིང་གི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་21ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཐང་གའི་སྒྱུ་རྩལ་དུས་ཆེན་མཐོ་གྲས་གླེང་སྟེགས་པེ་ཅིང་གི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ་རྒྱུ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཤེས་རྟོགས་བྱུང་དོན། ཐང་གའི་སྒྱུ་རྩལ་མཐོ་གྲས་གླེང་སྟེགས་ནི་ཟླ་11ཚེས་24ནས་ཚེས་25ཉིན་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ་རྒྱུ་ཡིན། ཐེངས་འདིའི་བགྲོ་གླེང་ནི་2018ལོའི་ཟླ་9པར་ལྷ་སར་སྤེལ་བའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་སྟོན་ཚོགས་འདུ་ཡི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་བཞི་བའི་བྱེད་སྒོ་ཆེ་ཤོས་གསུམ་གྱི་ནང་ནས་གཅིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཞིབ་ཕྲའི་མཛུན་སྟོན་གནང་བ། བོད་ལྗོངས་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རོགས་སྒྲུབ་གནང་རྒྱུ་རེད།