འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་21ཉིན།

༄༅།།སྤ་སེ་ཉོ་མི་དགོས་པ་དང་། གོང་གཅོག་པ། ཁ་གསབ་སྤྲོད་པ་སོགས་དགུན་དཔྱིད་དུས་སུ་ཀན་ལྷོར་ཡུལ་སྐོར་བྱས་
ན་གཟིགས་སྐྱོང་མང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་21ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། དགུན་དཔྱིད་ཡུལ་སྐོར་མུ་མཐུད་འཁྲུག་པོ་ཡོང་ཆེད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་བཏོད་ནས་མཛེས་ལྗོངས་ཁུལ་དུ་སྤ་སེ་ཉོ་མི་དགོས་པ་དང་། གསོལ་མགྲོན་ཁང་དུ་གོང་གཅོག་པ། ཉོ་སྒྲུབ་ཁ་གསབ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་སྤྱད་པ་རེད།
     ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་སྐོར་ཅུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ་11པ་ནས་སང་ལོའི་ཟླ་4པའི་ཟླ་མཇུག་བར་ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་གོ་ཆོད་ཁྱེར་ཚེ་དུང་ཕྲུག་རྩྭ་ཐང་དང་། ས་སྟེང་གི་རྨ་ཁུག་དང་པོ། བྲག་སྒམ་ནང་། ཤོ་བ། ལ་གཟར་འགག་སོགས་མཛེས་ལྗོངས་ཁུལ་23ལ་རིན་མེད་དུ་ལྟ་སྐོར་བྱེད་ཆོག་པ་མ་ཟད། སྐར་རིམ་གསོལ་མགྲོན་ཁང་དུ་བཅུ་ཆ་ལྔ་ནས་བརྒྱད་བར་གོང་གཅོག་པའི་གཟིགས་སྐྱོང་ཐོབ་རྒྱུ་དང་། གནམ་ཐང་གི་བརྒྱུད་སྐྱེལ་སྐབས་ཞག་སྡོད་རིན་མེད་དང་། སྐྱེལ་བསུ་རིན་མེད། ཉོ་སྒྲུབ་ཁ་གསབ་སོགས་ཡུལ་སྐོར་གྱི་གཟིགས་སྐྱོང་ཞབས་ཞུ་མང་པོ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།
     གཟིགས་སྐྱོང་བྱེད་ཐབས་མང་པོ་བཏོན་པ་དང་དུས་མཚུངས་ཡུལ་དེ་གས་ད་དུང་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་ཡུལ་སྐོར་གྱི་དགུན་དཔྱིད་ཡུལ་སྐོར་གྱི་མྱོང་ཚོར་ལེགས་སུ་བཏང་བ་མ་ཟད། རྒྱ་ལོའི་སྨོན་ལམ་གྱི་ཡུལ་སྐོར་དང་། རབ་དཀར་ཁ་བས་བཀླུབས་པའི་ཀན་ལྷོའི་ཡུལ་སྐོར། ཡུལ་སྲོལ་ཉམས་བཟང་གི་པར་ལེན་ཡུལ་སྐོར། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་གྱི་ཡུལ་སྐོར། གྲོང་གསེབ་ཀྱི་ཡུལ་སྲོལ་མྱོང་རོལ་ཡུལ་སྐོར་བཅས་ཁྱད་ལྡན་གྱི་བརྗོད་དོན་གཙོ་བོའི་ཡུལ་སྐོར་བགྲོད་ལམ་ལྔ་བཏོད་དེ་དགུན་དཔྱིད་དུས་ཚིགས་ཀྱི་ཀན་ལྷོའི་ཆོས་ལུགས་དང་། དམངས་སྲོལ། གུང་གསེང་སོགས་ཀྱི་ཡུལ་སྐོར་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་མངོན་རྒྱུ་རེད།
     “‘དགུན་དཔྱིད་ཡུལ་སྐོར་གྱི་དུས་ཚིགས’ཀྱི་གཟིགས་སྐྱོང་བྱེད་སྒོ་བརྒྱུད། མི་ཚང་མས་དེ་དོན་ཤེས་རྟོགས་དང་ཡུལ་སྐོར་བ་སྔར་བས་མང་བར་དགུན་དཔྱིད་དུས་ཚིགས་ཀྱི་ཀན་ལྷོའི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་ཚོར་དུ་འཇུག་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད”ཅེས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཨོ་རྒྱན་འཚོས་བཤད།