འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།རང་རྒྱལ་གྱི་སྐམ་གཤེར་གནའ་བོའི་གནམ་གཤིས་ཀྱི་ཞིབ་འཇུག་ལ་འཕེལ་རིམ་གསར་པ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཞིབ་འཇུག་གི་གྲུབ་འབྲས་ལས་མངོན་དོན། རང་རྒྱལ་ཤར་རྒྱུད་ས་ཁུལ་གྱི་སྐམ་གཤེར་ཆེ་བའི་གནའ་བོའི་གནམ་གཤིས་ཀྱི་འགྱུར་ལྡོག་གཙོ་བོ་ནི་གནའ་བོའི་དུས་རླུང་དང་གནའ་བོའི་ནུབ་རླུང་གི་ཕན་ཚུན་ནུས་པ་ཐོན་རེས་ལ་ཐུག་ཅིང་། འབྲི་ཆུའི་དབུས་རྒྱུད་ས་ཁུལ་དང་ཧྭ་ལྷོ་ཧྭ་བྱང་གི་སྐམ་གཤེར་ཆེ་བའི་གནའ་བོའི་གནམ་གཤིས་ཀྱི་འགྱུར་བར་ཧེ་བག་མངོན་གསལ་དོད་པོ་ཡོད། ཞིབ་འཇུག་གི་གྲུབ་འབྲས་འདི་ལས་འབྲི་ཆུའི་དབུས་རྒྱུད་ཀྱིས་གནའ་བོའི་གནམ་གཤིས་ཀྱི་ཞིབ་འཇུག་ཐད་ཀྱི་གནས་བབ་གལ་ཆེན་ལྡན་པ་མངོན་གྱི་ཡོད།
        གསར་འགོད་པར་ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་རྒྱལ་སྤྱིའི་དབང་གྲགས་ལྡན་པའི་དུས་དེབ《ཚན་རིག》ཐོག་སློབ་གྲྭ་དེའི་དགེ་རྒན་ཆེ་མོ་བ་ཞེ་ཧྲུའུ་ཁྲེང་གི་ཚོགས་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་སྤེལ་ནས། རང་རྒྱལ་གྱི་ཤར་རྒྱུད་ས་ཁུལ་དུ་འཁྱག་ཞུའི་དུས་སྐབས་མཐའ་མར་སྐམ་གཤེར་ཆེ་བའི་གནའ་བོའི་གནམ་གཤིས་ཀྱི་སྣེ་གསུམ་རྣམ་པའི་འགྱུར་ལྡོག་བྱུང་བ་སྟེ། འབྲི་ཆུའི་དབུས་རྒྱུད་ས་ཁུལ་དང་ཧྭ་ལྷོ་ཧྭ་བྱང་བར་ཧེ་བག་མངོན་གསལ་དོད་པ་དང་། ཨེ་ཤེ་ཡ་ཤར་མའི་དུས་རླུང་ཅུང་ཆུང་སྐབས་འབྲི་ཆུའི་དབུས་རྒྱུད་ཀྱི་གནམ་གཤིས་བལྟོས་བཅས་ཀྱིས་ཅུང་གཤེར་བ་དང་ཧྭ་ལྷོ་ཧྭ་བྱང་དུ་དེ་ལས་ལྡོག་སྟེ་གནམ་གཤིས་ཅུང་སྐམ་ཤས་ཆེན་པོ་ཡོད།
        རང་རྒྱལ་གྱི་སྐམ་གཤེར་ཆེ་བའི་གནའ་བོའི་གནམ་གཤིས་ཆགས་སྟངས་ལ་གནའ་བོའི་དུས་རླུང་དང་གནའ་བོའི་ནུབ་རླུང་གི་ཤུགས་རྐྱེན་ཉིས་བརྩེགས་ཐེབས་པ་དང་། གནའ་བོའི་དུས་རླུང་དང་གནའ་བོའི་ནུབ་རླུང་གི་ཕན་ཚུན་ནུས་པ་ཐོན་རེས་ལས་སྐམ་གཤེར་ཆེ་བའི་གནའ་བོའི་གནམ་གཤིས་ཀྱི་ཡུལ་དུས་ཀྱི་ཆགས་སྟངས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པ་ནི། མིག་སྔའི་གནའ་བོའི་གནམ་གཤིས་ལ་ཞིབ་འཇུག་བྱེད་པའི་འགྲན་སློང་རང་བཞིན་ཆེ་ཤོས་ཀྱི་དཀའ་གནད་ཅིག་ཡིན་པ་རེད།