འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།ལྷུན་གྲུབ་རྫོང་དུ་ད་ལོར་དུས་བྱ་མང་།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷུན་གྲུབ་རྫོང་དུ་ད་ལོར་དུས་བྱ་མང་།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གྱི་སྔ་དྲོར། བོད་ལྗོངས་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཁར་རྩེ་གྲོང་གསར་དུ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་ཞིང་ཁ་རུ་དལ་བུར་ཟས་འཚོལ་བཞིན་ཡོད། གནས་འདི་རུ་ལོ་ངོ་12རིང་ལ་རི་སྐྱེས་སྲོག་ཆགས་ཀྱི་སྐོར་ཞིབ་སྲུང་སྐྱོབ་པ་བྱས་པའི་དོན་གྲུབ་ཚེ་རིང་གིས། ད་ལོར་འདིར་དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ནི་ལོ་སྔོན་མ་ལས་མང་འདུག་ཅེས་བཤད། མཚམས་སྦྱོར་བྱས་པར་གཞིགས་ན། ལྷུན་གྲུབ་རྫོང་ཁོངས་ཀྱི་འཕན་པོ་ཆུ་རོང་ཁུལ་དང་མཚོ་སྟོད་ཤུར་ནི་ཁྲུང་ཁྲུང་སྐེ་ནག་འཚོ་གནས་བྱ་ཡུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་། ལོ་རེར་འདིར་དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ནི་1700ཡས་མས་ཡིན་ཞིང་། ད་ལོར་ཚོད་རྩིས་བྱས་ན་2000ལས་བརྒལ་ཡོད།
༄༅།།ལྷུན་གྲུབ་རྫོང་དུ་ད་ལོར་དུས་བྱ་མང་།