འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།ཉེན་ཁའི་ཁྲོད་དུ་རང་གཤིས་འགྱུར་མེད་ངང་མངོན་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་19ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉེན་ཁའི་ཁྲོད་དུ་རང་གཤིས་འགྱུར་མེད་ངང་མངོན་པར་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན་དང་ཟླ་11ཚེས་3ཉིན་། བོད་ལྗོངས་འཇོ་མདའ་རྫོང་གི་བལ་དཀར་རྒྱུད་དུ་རི་ཉིལ་བའི་གནས་ཚུལ་ཐེངས་གཉིས་ཐོན་པ་དང་། འབྲི་ཆུ་འགག་ནས་འཁྱིལ་མཚོ་ཆགས་པ་རེད།  འཁྱིལ་མཚོའི་གསོག་ཆུ་ཤོང་ཚད་ཆེ་ཤོས་ལ་སྨི་གྲུ་བཞི་ལྷག་མ་དུང་ཕྱུར་5.78ཟིན་གྱི་ཡོད་པ་རེད་། གནོད་འཚེའི་གནས་ཚུལ་ཐོན་རྗེས། འཕྲལ་བསྟུན་དོ་དམ་པུས་ཛ་དྲག་ངང་ལས་དོན་ཚོགས་ཆུང་ཐེངས་གཉིས་མངགས་ནས་མདུན་ཕྱོགས་ཀྱི་ཉེན་སེལ་ལས་དོན་ལ་མཛུབ་སྟོན་བྱས་པ་རེད་།  བོད་ལྗོངས་དང་།  སི་ཁྲོན། ཡུན་ནན་སོགས་ཞིང་ལྗོངས་ཀྱིས་ནུས་ཤུགས་ཆེན་པོས་གེགས་སེལ་བྱས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཡོང་བ་བྱས་པ་རེད། 
༄༅།།ཉེན་ཁའི་ཁྲོད་དུ་རང་གཤིས་འགྱུར་མེད་ངང་མངོན་པར་བྱས་པ།