འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།“སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་ནས”གནས་གཏན་འཁེལ་གྱིས་གོ་ཆོད་ཤེས་ལྡན་པ་གསོ་སྐྱོང་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེ་བའི་ལོ་ཤས་རིང་། ཧོ་པེ་ཐང་ཧྲན་ཙུན་ཧྭ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གསོ་ལྟེ་གནས་དང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ས་ཆ་གསུམ་གྱི་ཁེ་ལས་ཆེ་གྲས་དང་འབྲིང་གྲས་དབར་མཉམ་ལས་བྱས་ནས་ཡུལ་སྐོར་ཞབས་འདེགས་དོ་དམ་དང་། འཕྲུལ་གློག་ལག་རྩལ་བེད་སྤྱོད། གྲངས་འཛིན་ཚོད་འཛིན་ལག་རྩལ་བེད་སྤྱོད་སོགས་མཁོ་ཆེ་བའི་ཆེད་ལས་བཙུགས་ནས་ལོ་ལྟར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁེ་ལས་20ལྷག་ཙམ་ལ་གནས་གཏན་འཁེལ་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་1000ལྷག་ཙམ་གསོ་སྐྱོང་བྱས།