འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།“ཁུལ་གསུམ་ཀྲོའུ་གསུམ”གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་མ་གཏིང་ཟབ་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ནོར་སྲིད་པུའུ་དང་སློབ་གསོ་པུས་མཛུབ་ཁྲིད་བསམ་འཆར་བཏོན་ནས“ཁུལ་གསུམ་ཀྲོའུ་གསུམ”ལ་ནོར་སྲིད་ཀྱི་གཏོང་ཆ་མང་དུ་གཏོང་བ་དང་མ་དངུལ་དོ་དམ་ནན་དུ་གཏོང་རྒྱུར་དམིགས་ཏེ། འོས་འགན་སློབ་གསོའི་འགན་ལེན་ལྟེ་བར་བྱས་ནས་དམིགས་བསལ་གྱི་དཀའ་ངལ་དང་ཉམས་ཞན་ལྷུ་ཚིགས་ཀྱི་ཐག་གཅོད་ལ་རྒྱབ་སྐྱོར་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འོས་འགན་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་གོང་མཐོར་བཏང་ནས་དུས་བཀག་ལྟར་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་པ་རེད།
     “ཁུལ་གསུམ་ཀྲོའུ་གསུམ”ནི་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་། ཤིན་ཅང་ལྷོ་མ་བཅས་ཀྱི་ས་ཁུལ་དང་ཀྲོའུ་བཞི་དང་། སི་ཁྲོན་གྱི་ལེའང་ཧྲན་ཀྲོའུ། ཡུན་ནན་གྱི་རྒྱ་མོ་རྔུལ་ཆུ་ཀྲོའུ། ཀན་སུའུ་ཡི་ཉིང་ཤ་ཀྲོའུ་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཤིན་ཅང་ལྷོ་མའི་ས་ཁུལ་དང་ཀྲོའུ་བཞིར་གནས་པའི་ཐོན་ཁྲང་སོགས་ས་ཁུལ་ཚུད་ཡོད། མཛུབ་ཁྲིད་བསམ་འཆར་ནང་2018ནས་2020ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་མུ་མཐུད་ད་ལྟ་ལག་ལེན་བསྟར་བའི་ཐབས་ལམ་བརྒྱུད་བཀོད་སྒྲིག་མ་དངུལ་མང་དུ་བཏང་ནས“ཁུལ་གསུམ་ཀྲོའུ་གསུམ”གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ལ་གཙོ་གནད་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་ཡོད་སློབ་གསོའི་གཞན་སྒྱུར་མ་དངུལ་གཏོང་སྤྲོད་ཀྱིས་མུ་མཐུད“མི་འབོར་དབུལ་པོ”དང“དབུལ་པོར་འགྱུར་ཚད”སོགས་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་བརྩིས་ནས“ཁུལ་གསུམ་ཀྲོའུ་གསུམ”གནས་སའི་ཞིང་ཆེན་ལ་གཟིགས་སྐྱོང་བྱ་རྒྱུ་ཁ་གསལ་བཟོས་ཡོད།
     2020ལོར་སླེབས་སྐབས“ཁུལ་གསུམ་ཀྲོའུ་གསུམ”གྱི་སློབ་གསོ་སྤྱི་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་བརྟན་པོའི་ངང་གོང་མཐོར་སོང་ནས་ཡིག་ཚགས་དང་གཱ་བཟོས་པ་སོགས་ཀྱི་མི་འབོར་དབུལ་པོར་སློབ་གསོ་གཏོང་རྒྱུའི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཁྱོན་ཡོངས་ལ་ཁྱབ་རྒྱུ་རེད། མཐའ་ཚད་བསྲུངས་ནས“སློབ་གྲྭར་སྐྱོད་ཐུབ་པ”བྱས་ཏེ་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་སློབ་གྲྭར་གཞི་རྩའི་སློབ་གཉེར་ཆ་རྐྱེན་འཛོམས་པ་དང་སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལ་ལོ་དགུའི་འོས་འགན་སློབ་གསོ་ཐོབ་པའི་འགན་ལེན་བྱ་རྒྱུ་དང་། འཇོན་ཐང་ཆེ་རུ་བཏང་ནས“སྤུས་ཚད་ལེགས་སུ”བཏང་སྟེ་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་ཆ་འཕྲིན་ཅན་གྱི་ཆུ་ཚད་རིམ་པས་མཐོ་རུ་བཏང་ནས་གྲོང་གསེབ་དགེ་རྒན་དཔུང་ཁག་གི་བྱང་ཚད་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། གནད་སྨིན་སློབ་རོགས་བྱས་ནས“དྲང་གཞག་ཡོང་བར་སྐུལ་མ”བཏང་སྟེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོར་ཁྱབ་པའི་མ་དངུལ་གྱི་རོགས་སྐྱོར་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སློབ་མར་མ་དངུལ་ནས་རོགས་རམ་བྱེད་པའི་སྲིད་ཇུས་དེ་རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་བྱེད་ཐུབ་པ་བྱ་རྒྱུ། རྩལ་ནུས་ལེགས་སུ་བཏང་ནས“མདུན་ལམ་ཡོད་པ”བྱས་ཏེ་མི་འབོར་གཅིག་སྡུད་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ཡོད་པའི་ས་ཁུལ་དབུལ་པོར་འབྲིང་རིམ་ལས་རིགས་སློབ་གྲྭ་ཡག་པོ་གཉེར་ཏེ་ཁྱིམ་ཚང་དབུལ་པོའི་སློབ་མས་ད་ཡོད་ཀྱི་དམིགས་བསལ་རོགས་སྐྱོར་སྲིད་ཇུས་གང་ལེགས་སྤྱད་དེ་ལག་རྩལ་སྣ་གཅིག་ཤེས་རྒྱུར་རྒྱབ་སྐྱོར་བྱས་ནས་འཚོ་གནས་ཀྱི་རྩལ་ནུས་གོང་མཐོར་གཏོང་རྒྱུ་བཅས་རེད།