འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་18ཉིན།

༄༅།།མཚོ་སྔོན་པོའི“ཙོང་ཉ”ཁྲིམས་འགལ་ངང་བཟུང་བར་བརྟེན་ཝང་ཆེ་གེ་མོར་ཟླ་བ་5རིང་བཙན་ཉར་ལས་
སྐུལ་བྱ་རྒྱུའི་ཁྲིམས་ཐག་བཅད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བརྒྱབ་པའི་ཁྲིམས་འགལ་ངང་མཚོ་སྔོན་པོའི“ཙོང་ཉ”བཟུང་བའི་ཉེས་དོན་ཞོར་སྦྲགས་ཀྱི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིག་གི་བཅད་ཁྲ་ཡོངས་བསྒྲགས་ཁྱབ་བསྒྲགས་བྱས་པ་རེད། ཞུ་གཏུག་འཁེལ་མིའི་ཉེས་གསོག་དོན་དངོས་དང་བྱས་ཉེས་ཚད་འབེབས་ཀྱི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་འགལ་ངང་ཆུ་ཐོན་དངོས་རིགས་བཟུང་བའི་ནག་ཉེས་ནས་ཁྲིམས་ལྟར་ཞུ་གཏུག་འཁེལ་མི་ཝང་ཆེ་གེ་མོ་ཟླ་བ་5རིང་བཙན་ཉར་ལས་སྐུལ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་ཉམས་གསོ་བྱ་ཆེད། མཚོ་སྔོན་པོར་ཙོང་ཉ་23750གློད་པའི་འགྲོ་གྲོན་སྒོར་11875ཁ་གསབ་བྱ་རྒྱུའི་འགན་འཁུར་དགོས་པ་མ་ཟད། ཁྲིམས་སར་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དགོངས་དག་ཐུགས་བདེན་ཞུ་རྒྱུའི་ཁྲིམས་ཐག་བཅད་པ་རེད།