འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་17ཉིན།

༄༅།།ཧྭ་ཝེར་ལ་སོ་ཏིའི་ཁེ་ལས་ཀྱི་འགན་འཁྲིའི་འགྲན་རྩོད་ནུས་པའི་གསེར་གྱི་བྱ་དགའ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་རི་ཡ་ཏེར་ཧྭ་ཝེ་ཀུང་སིར“རྒྱལ་པོ་ཧ་ལི་ཏེའི་འགན་འཁྲིའི་འགྲན་རྩོད་ནུས་པའི་བྱ་དགའི”གསེར་གྱི་བྱ་དགའི་ལག་ཁྱེར་སྤྲད་དེ་ཧྭ་ཝེས་ཁེ་ལས་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གཟེངས་བསྟོད་བྱས་པ་རེད།
     “མ་ལག་ཅན་གྱི་ཁེ་ལས་རྒྱུན་སྲིང་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ཡུལ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་གི་ཐབས་ལམ་ཁ་གསལ། འཛད་སྤྱོད་པ་ལྟེ་བར་བྱེད་པའི་སྤུས་ཚད་དོ་དམ་དཔེ་དབྱིབས། གསར་གཏོད་ཀྱི་ཁོར་ཡུག་སྲུང་སྐྱོང་། བདེ་ཐང་དང་བདེ་འཇགས་བཅས་ཀྱི་བྱེད་ཐབས”ལ་བརྟེན་པས་ཧྭ་ཝེ་ཀུང་སིར་གཟི་བརྗིད་མཚན་སྙན་དེ་ཐོབ་པ་རེད།
     “རྒྱལ་པོ་ཧ་ལི་ཏེའི་འགན་འཁྲིའི་འགྲན་རྩོད་བྱ་དགའ”དེ་2008ལོར་རྒྱལ་པོ་ཧ་ལི་ཏེའི་ཐེབས་རྩ་ལྷན་ཚོགས་ཀྱིས་བཙུགས་པ་དང་དེ་ནི་སོ་ཏིའི་ཁེ་ལས་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་འགྲན་རྩོད་ནུས་པའི་ཁྱབ་ཁོངས་ཀྱི་བྱ་དགའ་གལ་ཆེན་ཞིག་ཡིན་པས་འདས་ཟིན་པའི་ལོ་10ཡི་རིང་ཁྱོན་ཁེ་ལས་300ལྷག་ཙམ་བྱ་དགའ་དེའི་དཔྱད་འདེམས་ནང་ཞུགས་པ་རེད།