འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།དུས་རབས་དང་བསྟུན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས།

བོད་ཀྱི་དུས་རབས་གསར་པའི་གསོ་རིག་རྒྱུད་འཛིན་པ་འཇམ་དབྱངས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 16:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
བོད་ལྗོངས་ས་སྐྱ་སྤེན་ནག་ཚང་སྨན་རྩིས་ཁང་།
བོད་ལྗོངས་ས་སྐྱ་སྤེན་ནག་ཚང་སྨན་རྩིས་ཁང་།
        ད་ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་སྐལ་བཟང་གི་དུས་ཤིག་ཡིན་ཞིང་། འདས་ཟིན་པའི་ལོ་ངོ་40རིང་བོད་ཀྱི་རིག་གནས་དང་སློབ་གསོ། གསོ་རིག དཔལ་འབྱོར་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས། མི་དམངས་དྲ་བའི་གསར་འགོད་པས་གོ་སྐབས་འདི་དང་བསྟུན་ནས་བོད་ལྗོངས་གཞིས་རྩེར་བཅར་འདྲིར་བསྐྱོད་པ་ཡིན། 
          འཇམ་དབྱངས་ལགས་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་འཚར་ལོངས་བྱུང་བའི་བོད་ཀྱི་དུས་རབས་གསར་པའི་བོད་ལུགས་གསོ་རིག་རྒྱུད་འཛིན་པ་ཞིག་ཡིན་ཞིང་། ཆུང་དུས་ནས་ཕ་མེས་ཀྱི་ཤུགས་རྐྱེན་འོག་བོད་ལུགས་གསོ་རིག་ལ་སྦྱངས་པ་གནང་ཡོད། ཁོང་ནི་སྤེན་ནག་ཚང་ཁྱིམ་རྒྱུད་ཀྱི་བོད་ལུགས་གསོ་རིག་རྒྱུད་འཛིན་པ་མི་རབས་བཅུ་པ་ཡིན་པ་དང་། སྔ་རྗེས་སུ་མཁས་དབང་བྱམས་པ་འཕྲིན་ལས་ཀྱི་ཞབས་ལ་གཏུགས་ནས་པད་གཞུང་བོད་སྨན་སློབ་གྲྭར་སློབ་གཉེར་དང་བོད་ལྗོངས་གསོ་རིག་སློབ་ཆེན་སོགས་འགྲིམ་མྱོང་ཡོད། ད་ལྟ་བོད་ལྗོངས་ས་སྐྱ་སྤེན་ནག་ཚང་སྨན་རྩིས་ཁང་གི་འགན་འཁུར་བ་གནང་བཞིན་ཡོད་པ་དང་། རྒྱལ་ཡོངས་གྲོང་གསེབ་ཕྱུར་སྒྱུར་སྣེ་ཁྲིད་ན་གཞོན་གྱི་མཚན་སྙན་དང་བོད་རང་སྐྱོང་ལྗོངས་རིམ་པའི་ངལ་རྩོལ་དཔེ་བཟང་གི་མཚན་སྙན། བོད་ལྗོངས་ཀྱི་བྱ་གཞག་གསར་གཏོད་འགྲན་བསྡུར་སྐབས་དང་པོའི་བྱ་དགའ་རིམ་པ་གཉིས་པ་སོགས་ཐོབ་མྱོང་ཡོད། 
【1】  【2】  【3】  【4】  【5】  【6】  【7】
འཇམ་དབྱངས་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་བརྟག་ཐབས་ལྟ་རེག་འདྲི་གསུམ་ལས་རེག་པ་རྩ་ལ་བརྟག་བཞིན་པ།
འཇམ་དབྱངས་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་བརྟག་ཐབས་ལྟ་རེག་འདྲི་གསུམ་ལས་རེག་པ་རྩ་ལ་བརྟག་བཞིན་པ།