འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།བལ་དཀར་བཀག་བསྐྱིལ་མཚེའུ་ཤོར་ནས་གྲུ་པ་རོང་འབྲི་ཆུའི་ཟམ་ཆེན་བཅད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བལ་དཀར་བཀག་བསྐྱིལ་མཚེའུ་ཤོར་ནས་གྲུ་པ་རོང་འབྲི་ཆུའི་ཟམ་ཆེན་བཅད།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གཞུང་ལམ་ཅུས་ནས་ཤེས་རྟོགས་བྱུང་གསལ། བལ་དཀར་བཀག་བསྐྱིལ་མཚེའུ་ཤོར་བས།  སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱལ་ལམ་318ཀྱི་གྲུ་པ་རོང་འབྲི་ཆུའི་ཟམ་ཆེན་གྱི་གདུང་མ་7ཆུ་ལོག་གིས་དེད་དེ་རྒྱལ་ལམ་318ཆད་འདུག
     བལ་དཀར་བཀག་བསྐྱིལ་མཚེའུ་ནི་ཟླ་11ཚེས་13ཉིན་གྱི་ཆུ་ཚོད་14ཐོག་ནས་བཟུང་ཆུ་ཆེན་པོ་ཤོར་འགོ་ཚུགས་ཤིང་། ཆུ་རྒྱུག་ཚད་མགྱོགས་ཤོས་ནི་སྐར་ཆ་རེར་སྨི་གྲུ་བཞི་ལྷམ་པ་31000ལ་སླེབས་པ་དང་། ཟམ་པའི་ཆད་ངོས་ཀྱི་ཆུ་རྒྱུག་ཚད་མགྱོགས་ཤོས་སྐར་ཆ་རེར་སྨི་གྲུ་བཞི་ལྷམ་པ་21000ལ་སླེབས་ཡོད། ཤྭ་འོད་ཀྱིས་གྲུ་པ་རོང་ཟམ་ཆེན་ཡོངས་སུ་བསྣུབས་ཏེ། ཆུ་གནས་ཟམ་ཆེན་ལས་སྨི་12ཀྱིས་མཐོ་བ་བྱུང་ཡོད། ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་7ཡས་མས་སུ། ཤྭ་འོད་ཇེ་ཆུང་དུ་གྱུར་ཡོད། ཐོག་མའི་ཞིབ་བཤེར་ལྟར་ན། ཤྭ་འོད་ཀྱིས་ཟམ་ཆེན་གྱི་གདུང་མ་7དེད་འདུག  མིག་སྔར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཤྭ་འོད་ཀྱི་འགྱུར་ལྡོག་གནས་ཚུལ་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་ཅིང་། འཕྲལ་བསྟུན་མྱུར་སྐྱོབ་ཐད་ཀྱི་ལས་ཀ་ཁག་བཀོད་སྒྲིག་བྱས་ཏེ། ཤྭ་འོད་འཇགས་པ་དང་མྱུར་དུ་ལས་འགོ་རྩོམ་རྒྱུར་སྒུག་ཡོད། 
༄༅།།བལ་དཀར་བཀག་བསྐྱིལ་མཚེའུ་ཤོར་ནས་གྲུ་པ་རོང་འབྲི་ཆུའི་ཟམ་ཆེན་བཅད།