འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་མང་པོ་བཏོན་ནས་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་སྐྱོར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིས་ཧའེ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གྲས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་རྒྱུར་རོགས་སྐྱོར་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་མང་པོ་བཏོན་ནས་ཁྱིམ་ཚང་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་སྐྱོར་བྱས་པ་རེད།
     འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་། ཞིང་ལས་དང་འབྲོག་ལས་རྐྱང་པ་གཉེར་བའི་ཁྱིམ་ཚང་དང་། ལས་ཞུགས་ཐུབ་མཁན་མེད་པའི་ཁྱིམ་ཚང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལེན་མཁན། དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་གཅིག་གཏད་གཅིག་གི་ལས་རིགས་མཛུབ་ཁྲིད་དང་། སྔོན་དུ་འོས་སྦྱོར། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་སོགས་ཀྱི་རོགས་སྐྱོར་བྱ་ཐབས་ལོངས་སྤྱོད་བྱེད་ཆོག གཞན་ཡང་དཀའ་ངལ་ཡོད་པའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མར་ཐེངས་གཅིག་ལ་སྒོར་1000གི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྤྲོད་ཀྱི་ཡོད།
     གཞུང་ཞབས་པར་རྒྱུགས་གཏོང་བ་དང་བྱ་གཞག་ཚན་པར་མི་བསྡུ་སྐབས། དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མར་ཐོ་བཀོད་གྲོན་དངུལ་དང་གཟུགས་པོ་བརྟག་དཔྱད་གྲོན་དངུལ་བསྡུ་གི་མེད། གསོ་སྦྱོང་སྣ་ཚོགས་ནང་ཞུགས་མཁན་ལ་གསོ་སྦྱོང་ཁ་གསབ་སྤྲོད་པ་ཕུད། ད་དུང་དོན་དངོས་ཀྱི་གསོ་སྦྱོང་ཉིན་གྲངས་ལྟར་མི་རེར་ཉིན་རེར་སྒོར་20ཡི་འཚོ་བའི་ཁ་གསབ་སྤྲོད་ཀྱི་ཡོད། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར(ཀྲོའུ)བརྒལ་ནས་གསོ་སྦྱོང་ནང་ཞུགས་མཁན་ལ་ཐེངས་གཅིག་ཏུ་འགྲིམ་འགྲུལ་དང་ཞག་སྡོད་འགྲོ་གྲོན་ཁ་གསབ་སྒོར་300སྤྲོད་ཀྱི་ཡོད། ཞིང་ཆེན་གཞན་དུ་གསོ་སྦྱོང་ནང་ཞུགས་མཁན་ལ་ཐེངས་གཅིག་ཏུ་འགྲིམ་འགྲུལ་དང་ཞག་སྡོད་འགྲོ་གྲོན་ཁ་གསབ་སྒོར་800བཅས་སྤྲོད་ཀྱི་ཡོད།
     མཐོ་སློབ་སློབ་ཐོན་སློབ་མའི་གཞི་རིམ་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱས་ཤིང་། “གྲོང་དཔོན”སློབ་གྲྭ་ཆེ་མོ་བ་དང“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མཐོ་སློབ་སློབ་ཐོན་སློབ་མ་དང་། “མཚོ་ལྷོའི་འཆར་གཞི” གཞི་རིམ་དང་བླངས་པའི་ཆེད་དོན་བྱ་སྤྱོད་འཆར་གཞི། “ནུབ་རྒྱུད་འཆར་གཞིའི”དང་བླངས་པ་བཅས་ལས་ཐོག་ཏུ་ཞབས་འདེགས་ཞུ་རིང་། འཚོ་བའི་ཁ་གསབ་དང་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྤྲོད་པ་མ་ཟད། གཟུགས་པོ་བརྟག་དཔྱད་ཀྱི་གྲོན་དངུལ་དང་། སྤྲོད་ཐེངས་གཅིག་གི་གཞིས་ཆགས་གྲོན་དངུལ། འགྲིམ་འགྲུལ་གྲོན་དངུལ་བཅས་ཀྱི་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད། ཞབས་འདེགས་ཞུས་ནས་ལོ་གཉིས་སོང་རྗེས། གཞུང་ཞབས་པའི་ཡོངས་བསྒྲགས་རྒྱུགས་སྤྲོད་དང་བྱ་གཞག་ཚན་པའི་ལས་དོན་མི་སྣའི་གདན་ཞུའི་ནང་ཞུགས་སྐབས། ཁ་ཕྱོགས་གཏན་འཁེལ་གྱི་རྒྱུགས་སྤྲོད་དམ་ཡང་ན་སྐར་སྣོན་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག ཞིང་ཆེན་ནང་ཁུལ་སློབ་གླིང་གི་འབུམ་རམས་པའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མཁན་ལ་སྐར་སྣོན་བྱེད་པ་ཕུད། ད་དུང་ཆ་རྐྱེན་འདྲ་མཉམ་འོག་སྔོན་ལ་བསྡུ་ཆོག ཞབས་འདེགས་ཞུས་པའི་དུས་ཚོད་དེ་ལས་ཞུགས་ལོ་གྲངས་སུ་བརྩི་ཆོག ཆེད་ལས་ལག་རྩལ་ལྡན་པའི་སློབ་ཐོན་སློབ་མ་གོ་མིང་འདུན་ཞུ་དཔྱད་ཞིབ་དང་ངོས་འཛིན་ནང་ཞུགས་ཆོག་པ་བཅས་རེད།