འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་18བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་
ཐད་ཀྱི་ཞན་ཆ་གསབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིས་ཧའེ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་300ཡི་འཛུགས་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཞིང་ཆེན་རིམ་པའི་ཆེད་སྤྱོད་ཁ་གསབ་རོགས་དངུལ་དང་། རིམ་ཁག་ནོར་སྲིད་ཀྱི་སྔོན་རྩིས་བཀོད་སྒྲིག ཞིང་འབྲེལ་རྣམ་གྲངས་བསྡུ་སྒྲིལ། ཆ་སྒྲིག་མཉམ་སྐྲུན་སོགས་ཀྱི་རྣམ་པ་བརྒྱུད། མ་དངུལ་སྒོར་དུང་ཕྱུར་20གྲབས་གསོག་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་18དངོས་སུ་བཏང་ཡོད། ཟླ་10པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་འཛུགས་སྐྲུན་རྣམ་གྲངས་སྣ་ཚོགས་1133བསྡུ་སྒྲིལ་བྱས་ཡོད།
     འདི་ལོའི་ཟླ་10པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་300འཛུགས་སྐྲུན་བྱེད་པའི་ཁྲོད། ཉི་ནུས་ལམ་སྒྲོན་16601སྒྲིག་སྦྱོར་བྱས་པ་དང་། གྲོང་མིའི་བྱེད་སྒོའི་ཐང་ཆེན་262གསར་སྐྲུན་དང་རྒྱས་སྐྲུན་བྱས་པ། གྲོང་ཚོའི་འགྲོ་ལམ་སྤྱི་ལེ་1211.2བསྐྲུན་པ། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་92བསྐྲུན་པ། གྲོང་ཚོ་73ལ་གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་བྱས་པ། གྲོང་ཚོ་133དུ་འཐུང་ཆུའི་བདེ་འཇགས་ཆེར་གཏོང་རྣམ་གྲངས་ལག་ལེན་བསྟར་བ། རིག་གནས་དང་ལུས་རྩལ་གྱི་སྒྲིག་ཆས་ཆ་ཚང་147སྒྲིག་སྦྱོར་བཅས་བྱས་ཡོད།
     དུས་མཚུངས། ས་གནས་ཁག་གིས་བཙོག་ཟིང་ཞན་གསུམ་གྱི་རྣམ་པར་བཅོས་སྒྲིག་བྱ་རྒྱུ་ནས་འགོ་བརྩམས་ཤིང་། གྲོང་ཚོའི་ཁོར་ཡུག་ཡུག་སྦྲེལ་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་88ལག་ལེན་བསྟར་བའི་ཁར། མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་གིས་གྲོང་ཚོའི་ཁོར་ཡུག་ཡུག་སྦྲེལ་བཅོས་སྒྲིག་ནང་ཞུགས་ནས་གྲོང་ཚོའི་ཁོར་ཡུག་དང་རྣམ་པ་མཛེས་སུ་བཏང་ཡོད། ཞིང་འབྲོག་ཁུལ་གྱི་གད་སྙིགས་ཆེད་དོན་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ། གད་སྙིགས་བླུགས་སྒམ་ཆུང་གྲས་7431དང་གད་སྙིགས་དབོར་འདྲེན་སྒྲིག་ཆས་159སྒྲིག་སྦྱོར་བྱས་ཡོད། རྫོང་16གི་གྲོང་ཚོ་125རུ་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྒྲིག་ཚོད་ལྟའི་ལས་དོན་སྤེལ་ནས་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྐྱོང་བྱ་རྒྱུར་ཉམས་མྱོང་མང་པོ་བསགས་ཡོད།