འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།ཚན་པ་བརྒྱད་ཀྱིས་མཉམ་འབྲེལ་ཐོག“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བརྗོད་བྱ་གཙོ་བོའི་བྱེད་སྒོ་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་12ཚེས་2ཉིན་ནི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཐེངས་བདུན་པ་ཡིན་ཞིང་། སྤྱི་བདེ་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་། སློབ་གསོ་པུའུ། ཁྲིམས་འཛིན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། འཕྲལ་བསྟུན་དོ་དམ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། དེ་ཉིན་ནས་ཟླ་12པའི་ཟླ་མཇུག་བར་དུ"ཆུང་རྩག་ཐོག་ནས་ཚེ་སྲོག་ལ་གཅེས་འཛིན་དང་།  བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད་བྱེད"ཅེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ"རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི"བརྗོད་བྱ་གཙོ་བོའི་བྱེད་སྒོ་ཐེངས་བདུན་པ་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།
           བརྡ་ཐོའི་ནང་། ས་གནས་ཁག་གིས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། "ཆུང་རྩག་ནས་ཚེ་སྲོག་ལ་གཅེས་འཛིན་བྱེད་།  བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད་བྱ་"ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་འགྲིམ་འགྲུལ་སྒྲིག་སྲོལ་ཁྱབ་གདལ་ཤུགས་ཆེན་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་ཤུགས་ཆེན། འགྲུལ་སྐྱེལ་ཁེ་ལས་གྱི་འགྲིམ་འགྲུལ་བདེ་འཇགས་ལ་ཞིབ་བཤེར་ཆེན་པོ་སོགས"བྱེད་སྒོ་ཁག་ཆེན་པོ་བརྒྱད"སྒྲིག་འཛུགས་ཡག་པོ་བྱ་རྒྱུ་དང་། སྨྱན་སྦྱོར་ལས་སྟེགས་དང་དྲིལ་བསྒྲགས་འཐབ་ས་བེད་སྤྱོད་གང་ལེགས་བྱ་རྒྱུ་དང་། རྣམ་པ་གསར་པ་དང་མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་དངོས་གནས་དེའི་ནང་ཞུགས་སེམས་དང་ཉམས་ལེན་གྱི་སེམས་པ་སྐྱེས་སུ་འཇུག་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་མི་སེམས་སུ་ཟུག་པར་བྱ་དགོས་པ་བསྟན་ཡོད།