འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།ཁྲིམས་འགལ་ངང་གཙོད་རྔོན་རྒྱག་བྱས་པས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲིམས་འགལ་ངང་གཙོད་རྔོན་རྒྱག་བྱས་པས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དྲ་བདེ་སྤྱི་ཁྱབ་རུ་ཁག་གིས་གཞུང་ཕྱོགས་ཀྱི་པོད་འཕྲིན་ཐོག་གྱོད་གཞིའི་གནས་ཚུལ་ཞིག་བརྡ་ཁྱབ་བཏང་བ་དང་། རྡབ་ཁྱབ་ལས་མངོན་གསལ། ཟླ་11ཚེས་13ཉིན། སྐྱེས་པ་ཞིག་གིས་ཁྲིམས་འགལ་ངང་གཙོད་རྔོན་རྒྱག་བྱས་པས་གཞིས་རྩེའི་འབྲོང་པ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད། 
     བརྡ་ཁྱབ་ནང་། 2018ལོའི་ཟླ་11ཚེས་12ཉིན་གྱི་སྔ་དྲོར། གཞིས་རྩེའི་འབྲོང་པ་རྫོང་སྤྱི་བདེ་ཅུས་ལ་རིམ་མདོ་ཤང་གི་ཧྲི་ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར་པ་འཁོད་ཡོད་པ་སྟེ་"དེ་རིང་སྔ་དྲོ་ངས་ཁྱིམ་གྱི་ལུག་རྭའི་ནང་ལྕི་བ་སྒྲུག་སྐབས། སྒོ་ཁ་ནས་ཐག་རིང་པོའི་མཚམས་སུ་མི་ཞིག་གིས་སྦག་སྦག་བཞོན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དེད་བཞིན་པ་མཐོང་བས། རྫོང་སྤྱི་བདེ་ཅུས་ནས་མི་མངགས་ཏེ་བརྟག་དཔྱད་བྱ་རོགས་ཞེས་ཞུས"ཞེས་པའི་སྙན་སེང་འབྱོར་རྗེས།  གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོགས་པ་མྱུར་དུ་ཡུལ་དངོས་སུ་སླེབས་ནས་ཞིབ་བཤེར་བྱས་ཏེ་དཔང་རྟགས་འཚོལ་བ་དང་།  མྱུལ་ཞིབ་མི་དམངས་ཉེན་རྟོག་པ་དང་རིམ་མདོ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྐད་ཆ་འདྲི་བ་དང་ཞིབ་བཤེར་ཐེངས་མང་བྱས་པ་བརྒྱུད་རིམ་མདོ་ཤང་གི་ཚེ་ཆེ་གེ་མོར་གྱོད་གཞི་སྤེལ་བའི་དོགས་པ་ཆེན་པོ་ཡོད་པ་རེད།   
     2018ལོའི་ཟླ་11ཚེས་12ཉིན་གྱི་ཆུ་ཚོད་19ཐོག   འབྲོང་པ་རྫོང་རིན་མདོ་ཤང་ནས་ཁྲིམས་འགལ་ངང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པའི་དོགས་གཞི་ཆེན་པོ་ཡོད་པའི་ཚེ་ཆེ་གེ་མོ་བཟུང་བ་རེད།
     བརྡ་ཁྱབ་ལས་བསྟན་དོན། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཡོད་མི་སྣ་ཚེ་ཆེ་གེ་མོས་རི་མདོ་ཤང་ཤིས་ས་གྲོང་ཚོའི་རྒྱལ་པོ་རྩྭ་ར་ནས་གཙོད་གཅིག་རྔོན་རྒྱག་པ་བཤད་པ་དང་། དེ་རྗེས་མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ཚེ་ཆེ་གེ་མོའི་ཁྱིམ་ནས་གཙོད་སྤུ་དང་པགས་པ་འདྲ་བ་ཞིག་དང་གཙོད་ཀྱི་ཤ་འདྲ་བའི་ཤ་ཁོག་6ཞིབ་བཤེར་ཐུབ་ཡོད་པ་དང་། ཉེས་གསོག་དོགས་ཡོད་མི་སྣ་ཚེ་ཆེ་གེ་མོས་གོང་གི་ཉེས་པ་དག་དོན་དངོས་ཡིན་པ་ཁས་བླངས་པ་རེད། ཉེས་གསོག་དོགས་ཡོད་མི་སྣ་ཚེ་ཆེ་གེ་མོ་2018ལོའི་ཟླ་11ཚེས་13ཉིན་སྤྱི་བདེ་ཅུས་ཀྱིས་ཁྲིམསལྟར་ཉེས་དོན་བཀག་ཉར་བྱས་པ་དང་། མིག་སྔར། གྱོད་གཞི་དེར་ཞིབ་བཤེར་ཐག་གཅོད་བྱེད་བཞིན་ཡོད།