འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་དཔུང་སྡེས་ཏར་ཧྥུར་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་
ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་མཉམ་འབྲེལ་ཆེད་མངགས་ཚོགས་པའི“འཐབ་ཇུས་འགྲོ་ལམ”ཤར་གཏོང་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           དུས་ཡུན་གཟའ་འཁོར་གསུམ་རིང་སུའུ་ཏན་ཏར་ཧྥུར་དུ་བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཁག་14པའི་ཡན་ལག་དཔུང་སྡེས་མའེ་ལ་རི་ཁུལ་གྱི་གེ་ལོ་རྟེན་གཞིར་བསྐྱོད་པའི་གལ་ཆེའི་འགྲིམ་འགྲུལ་མཁོ་སྤྲོད་ལམ་བུ་ཤར་གཏོང་བྱས་པ་དེས་ཏར་ཧྥུར་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་མཉམ་འབྲེལ་ཆེད་མངགས་ཚོགས་པའི་ལས་འགན་ཁུལ་གཙོ་བོའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།