འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།ཀྲུང་གོའི་གནས་ཚུལ་དངོས་མཚོན་གློག་བརྙན《ལས་གྲྭ་ཆེན་པོ》ཞེས་པ་ཨ་རབ་ཀྱི་སྐད་དུ་བསྒྱུར་ནས་དབུས་ཤར་དུ་ཐོག་མར་བསྟན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏི་པའེ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཀྲུང་གོ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་དབུས་ཤར་རླུང་འཕྲིན་ལྟེ་གནས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པའེ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་གོའི་དངོས་མཚོན་གློག་བརྙན《ལས་གྲྭ་ཆེན་པོ》ཞེས་པ་ཨ་རབ་ཀྱི་སྐད་དུ་བསྒྱུར་བ་དེ་དངོས་སུ་སྟོན་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་དབུས་ཤར་ས་ཁུལ་གྱི་བརྙན་འཕྲིན་ལྟ་མཁན་ཚོར་ཀྲུང་གོའི་ལས་གྲྭ་ཆེན་པོའི་རྣམ་གྲངས་ཀྱི་ཉམས་འགྱུར་མངོན་རྒྱུ་རེད།
         《ལས་གྲྭ་ཆེན་པོ》ཞེས་པ་དེ་ཨ་རབ་ཀྱི་སྐད་དུ་བསྒྱུར་རྗེས་ལེའུ་ལྔ་ཡོད་པ་དང་། དེའི་ནང་ཀང་ཀྲུའུ་ཨའོ་ཟམ་ཆེན་དང་། ཧྲང་ཧའེ་ལྟེ་གནས་ཐོག་བརྩེགས་ཁང་ཆེན། པེ་ཅིང་གི་ས་འོག་ལྕགས་ལམ་དྲ་བ་སོགས་ཀྲུང་གོས་བསྐྲུན་པའི་ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་ངོ་སྤྲོད་བྱ་རྒྱུ་རེད། ཚེས་14ཉིན་ནས་བཟུང་ཉིན་ལྟར་ཉིན་གུང་ཆུ་ཚོད་12ཐོག་དབུས་ཤར་རླུང་འཕྲིན་ལྟེ་གནས་ཀྱི་ཕྱོགས་བསྡུས་བརྙན་ལམ་དུ་སྟོན་རྒྱུ་རེད།
       ཀྲུང་གོ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཅན་མིང་གིས་ཤིས་ཚིག་གསུང་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྣེ་ཁྲིད་འོག་སྨྱན་སྦྱོར་མཉམ་ལས་ཚུད་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་ཕྱོགས་ཡོངས་ནས་མཉམ་ལས་བྱ་རྒྱུ་དེ་དུས་སྐབས་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་རླུང་འཕྲིན་ལྟེ་གནས་དང་གསར་འགྱུར་སྤེལ་གཏོང་དང་ལེ་ཚན་སྒྲིག་བཟོ་སོགས་ཐད་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་ཐུན་མོང་འཕེལ་རྒྱས་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
       དབུས་ཤར་རླུང་འཕྲིན་ལྟེ་གནས་ཀྱི་ཀྲུའུ་ཞི་ཝ་ལི་ཏེ·དབྱི་པུའུ་ལ་ཤིན་གྱིས་དབུས་ཤར་རླུང་འཕྲིན་ལྟེ་གནས་ཀྱིས་ཀྲུང་གོ་དང་རླུང་འཕྲིན་བརྙན་འཕྲིན་ཐད་སྤེལ་རེས་མཉམ་ལས་བྱ་རྒྱུ་དེ་དུས་རབས་ཀྱི་བླང་བྱ་དང་འཚམ་པས་ཨ་རབ་ཀྱི་བརྙན་འཕྲིན་ལྟ་མཁན་ཚོར་ཀྲུང་གོའི་ཕུལ་བྱུང་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་ལྟ་ཐུབ་རྒྱུར་ལས་སྟེགས་གསར་པ་ཞིག་བསྐྲུན་ནས་ཕན་ཚུན་དབར་གྱི་རིག་གནས་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་འགྲོ་རྒྱུ་མ་ཟད། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་གློག་བརྙན་དང་བརྙན་འཕྲིན་བྱ་གཞག་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་སྙིང་དབུས་ནས་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།