༄༅།།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་ཐུན་མོང་ངང་འབུམ་རམས་པའི་ས་
ཚིགས་བཙུགས་ནས་ལོ་ངོ་15འཁོར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 11ཚེས་15ཉིན། 16:03】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་ཐུན་མོང་ངང་འབུམ་རམས་པའི་ས་ཚིགས་བཙུགས་ནས་ལོ་ངོ་15འཁོར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འགོ་ཁྲིད་དང་སྐུ་མགྲོན། དེ་བཞིན་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པའི་འབུམས་རམས་པའི་ས་ཚིགས་ནས་སྐྱེད་སྲིང་བྱས་པའི་འབུམ་རམས་པའི་སློབ་མ་40ལྷག་ཐེངས་འདིའི་བགྲོ་གླེང་ལ་ཞུགས་ཡོད་པ་རེད།
ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་རིག་པའི་འབུམ་རམས་པའི་ས་ཚིགས་ཀྱི་མཛུན་སྟོན་དགེ་རྒན་གྱི་འཐུས་ཚབ་དགེ་རྒན་ཆེན་མོ་ཀྲང་ཅན་ཧྲི་དང་སློབ་མའི་འཐུས་ཚབ་དགེ་རྒན་ཆེན་མོ་གཞོན་པ་ཞིན་ཅིན་ལིའང། དེ་བཞིན་དུ་མཉམ་འབྲེལ་ངང་གསོ་སྐྱོང་བྱས་པའི་བོད་རིག་པའི་འབུམས་རམས་པ་ཚོས་རང་ཉིད་ཀྱི་སློབ་གཉེར་བརྒྱུད་རིམ་གྱི་ཉམས་མྱོང་དང་། ཞིབ་འཇུག་གྲུབ་འབྲས་གསར་ཤོས་ཐད་ནས་གཏམ་བཤད་སྤེལ་བ་རེད། ཚོགས་འདུ་འཚོག་རིང་ལ། ཚོགས་ཞུགས་འཐུས་ཚབ་པས་མཛུབ་སྟོན་དཔྱད་འཇོག་བྱས་ཤིང་། འདས་ཟིན་པར་ཕྱིར་དྲན་བྱས་ཏེ་ལོ་ངོ་15རིང་གི་གྲུབ་འབྲས་ལ་ཕྱི་མིག་བལྟས་པ་བརྒྱུད། མི་རིགས་རིག་པའི་འབུམ་རམས་པའི་ས་ཚིགས་མ་འོངས་པར་སྔར་ལས་འཕེལ་རྒྱས་ཡོང་བར་ཐབས་འདོན་ཇུས་འབུལ་བྱས་ཡོད་པ་དང་། འབུམ་རམས་པའི་ས་ཚིགས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལ་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་འབུལ་ཐུབ་པའི་སྨོན་འདུན་ཞུས་ཡོད།