འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་15ཉིན།

༄༅།།ཁྲིམས་འགལ་གྱི་ཁེ་བཟང་སྒོར་ཁྲི་1000ལྷག་ཐོབ་ཀྱང་སྣོད་བཅུད་སླར་གསོར་སྒོར་ཁྲི་2000དགོས།

ལོ་ལྟར་གྱི་ཞ་ཉེའི་གློག་གསོག་སྣོད་ཆས་རྙིང་ཧྲུལ་ཏུན་ཁྲི་བརྒྱ་ཕྲག་ཁ་ཤས་གང་དུ་སོང་ཡོད་དམ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཁྲིམས་འགལ་གྱི་ཁེ་བཟང་སྒོར་ཁྲི་1000ལྷག་ཐོབ་ཀྱང་སྣོད་བཅུད་སླར་གསོར་སྒོར་ཁྲི་2000དགོས།
           མི་དམངས་དྲ་བའི་འཕྲིན། རྒྱུན་དུ་ཞ་ཉིའི་སྐྱུར་གཤེར་ས་སྟེང་དུ་བཞུར་ན། ལོ་གཅིག་ཙམ་ལས་ཀ་མཚམས་འཇོག་བྱས་ཀྱང་སྣ་ཁུག་ཚ་ཤུར་རྒྱག་པའི་དྲི་ངན་སྔར་བཞིན་གནས་ཀྱི་ཡོད། ཉེ་ཆར། ཅང་སུའུ་ཞིང་ཆེན་ཁོངས་ཧོའེ་ཨན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་ཞ་ཉེ་བཙོ་སྦྱང་བྱེད་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་ནས། དོགས་ཡོད་མི་སྣས་ཞའི་གློག་གསོག་སྣོད་ཆས་རྙིང་ཧྲུལ་ཏུན་15000ལྷག་ཙམ་ཚུར་བསྡུ་དང་བཤིག་ཡོད། དེར་ཁེ་བཟང་སྒོར་ཁྲི་1000ལྷག་ཡོད་ཀྱང་སྣོད་བཅུད་སླར་གསོར་སྒོར་ཁྲི་2000དགོས་ཀྱི་ཡོད་པ་རེད། གསར་འགོད་པས་རྟོག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞ་ཉེའི་རིན་གོང་འཕར་བ་དང་བསྟུན་ནས་། ས་གནས་འགའ་ཞིག་གི་ཁེ་ལས་ཆུང་གྲས་དང་བཟོ་ཁང་ཆུང་གྲས་ཀྱིས་ཁྲིམས་འགལ་ངང་ཞ་ཉེའི་གློག་གསོག་སྣོད་ཆས་རྙིང་ཧྲུལ་ཚུར་བསྡུ་དང་བཤིག་པ། བཙོ་སྦྱང་བྱེད་པའི་སྣང་ཚུལ་ཡང་ཇེ་སྡུག་ཏུ་ཕྱིན་ཡོད། དབང་གྲགས་མི་སྣས་རང་རྒྱལ་ནི་གློག་རྫས་བེད་མེད་ཟུར་འཇོག་བྱེད་མང་བའི་དུས་སུ་སླེབས་པ་དང་། བེད་མེད་ཀྱི་ཞ་ཉེའི་གློག་གསོག་སྣོད་ཆས་མ་མཐར་ཡང་60%ལས་བརྒལ་བར་ཚད་ལྡན་མིན་པའི་ཐག་གཅོད་བྱེད་ཐབས་སྤྱོད་ཀྱི་ཡོད་ཅེས་བརྗོད།
༄༅།།ཁྲིམས་འགལ་གྱི་ཁེ་བཟང་སྒོར་ཁྲི་1000ལྷག་ཐོབ་ཀྱང་སྣོད་བཅུད་སླར་གསོར་སྒོར་ཁྲི་2000དགོས།
༄༅།།ཁྲིམས་འགལ་གྱི་ཁེ་བཟང་སྒོར་ཁྲི་1000ལྷག་ཐོབ་ཀྱང་སྣོད་བཅུད་སླར་གསོར་སྒོར་ཁྲི་2000དགོས།