འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་15ཉིན།

༄༅།།ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་སྣེ་གདོང་ནས་ཟངས་རིའི་བར་གྱི་ལས་གྲྭ་མཇུག་སྒྲིལ་བའི་དུས་མཚམས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཅུས་ལྔ་པ་ནས་ཤེས་རྟོགས་བྱུང་གསལ། ལོ་3ལྷག་གི་དཀའ་སྤྱད་འབད་བརྩོན་བརྒྱུད། ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བའི་སྣེ་གདོང་ནས་ཟངས་རི་བར་གྱི་ལས་གྲྭ་གཙོ་བོ་ཁག་ཉེ་ཆར་ལེགས་སྒྲུབ་བྱུང་ནས་ལས་མཇུག་སྒྲིལ་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།
   ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བའི་སྣེ་གདོང་ནས་ཟངས་རི་བར་གྱི་ལམ་བུའི་སྤྱིའི་རིང་ཚད་ལ་སྤྱི་ལེ་22ཡོད་པ་དང་། ལས་གྲྭ་གཙོ་བོར་ཕུག་ལམ་2དང་ཟམ་པ་6 བབས་ཚུགས་2བཅས་ཡོད་ཅིང་། དེའི་ཁྲོད་ཀྱི་མིང་ཙེ་ཟམ་ཆེན་དང་། རྩེད་ཐང་ཕུག་ལམ་གྱི་ལས་གྲྭ་ནི་དཀའ་ཚེགས་ཆེ་ཤོས་ཤིག་རེད། རྙོག་འཛིང་ཆེ་བའི་ས་གཤིས་ཁོར་ཡུག་དང་། གྲང་ངར་ཆེ་ཞིང་གསོ་རླུང་ཉུང་བ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་ལས་གྲྭའི་དཀའ་ངལ་ཆེ་རུ་ཕྱིན་ནས། ལས་བཟོ་དང་འཕྲུལ་ཆས་ཀྱི་ལས་ཕྱོད་དམའ་རུ་ཕྱིན་པ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དཀའ་ངལ་འཕྲད་ཡོད།
     མིག་སྔའི་བར། ལྷ་ཉིང་དུམ་བུའི་སྣེ་གདོང་ནས་ཟངས་རི་བར་གྱི་ལས་གྲྭ་ཁྱོན་ཡོངས་མཇུག་སྒྲིལ་ཡོད་པ་དང་། ལྕགས་ལམ་གྱི་རྨང་རྡོ་དང་རྨང་རྡོའི་ཁོངས་སུ་གཏོགས་པའི་ལས་གྲྭ་ཡང་མཇུག་སྒྲིལ་བ་རེད། ལས་གྲྭ་གཙོ་བོ་དང་རྩེད་ཐང་གི་ཕུག་ལམ་ནི་2017ལོའི་ཟླ་11པ་ནས་ཏལ་འབིགས་ཐུབ་ཡོད་པ་དང་། ཕུག་ལམ་གྱི་ལྕགས་ལམ་འདིང་སའི་རྡོ་ཧྲུག་2019ལོའི་ཟླ་4པ་ནས་ལས་འགོ་བརྩམས་རྒྱུ་རེད་། སྔོན་དཔག་བྱེད་ན་2019ལོའི་ཟླ་6པར་མཇུག་སྒྲིལ་རྒྱུ་རེད།