འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་15ཉིན།

༄༅།།ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱིས“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ཐོན་ལས་དར་རྒྱས་གཏོང་བའི”ལས་ཀའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་བསྡུས་བྱེད་ཐབས་སྤྱོད་པ་དང་། འཕེལ་རྒྱས་ཁོར་ཡུག་ལེགས་སུ་གཏོང་བ། འཕེལ་རྒྱས་ཐབས་ལམ་རྒྱ་སྐྱེད། འཕེལ་རྒྱས་གྱི་སྒུལ་ཤུགས་འཕེལ་བ་བཅས་བྱས་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་འབོད་སྐུལ་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་རེད།
     ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་ལྡན་པའི་ལས་དོན་ཞིག་ཏུ་བརྩིས་ཐོག་འཆར་འགོད་ལ་བརྟེན་ནས་སྐུལ་ཁྲིད་དང་། སྲིད་ཇུས་ལ་བརྟེན་ནས་ཡར་སྐུལ། ཕྱི་ཤུགས་ལ་བརྟེན་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ཕྱིའི་ཁོར་ཡུག་ཡག་པོ་བཏོད་པ་རེད། རོགས་སྐྱོར་ཚན་པ་ཁག་གིས་ཐོན་ལས་འཕེལ་རྒྱས་རྣམ་གྲངས་དོན་འཁྱོལ་བྱས་པ་དང་། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཁྲོད། གྲོང་ཁྱེར་ཡོངས་ཡུག་ཁུལ་ཆེན་པོ་བཞིར་དབྱེ་རྗེས་ས་གནས་དེ་གའི་ཁྱད་ཆོས་ལ་གཞིགས་ནས། ཞིང་འབྲོག་ཟུང་འབྲེལ་ཁུལ་གྱི“འཐག་མདའི་དཔེ་རྣམ”དང་། འབྲོག་ལས་ཁུལ་གྱི“རྫ་མདོའི་དཔེ་རྣམ” འགྲིམ་འགྲུལ་ལྟེ་བའི་ཁུལ་གྱི“རྐང་དུང་དཔེ་རྣམ”དང“ཐེའུ་རོང་རྒྱུད་ཀྱི་དཔེ་རྣམ” གྲོང་ཁུལ་གྱི“བཀྲ་ཤིས་དར་ཐང་དཔེ་རྣམ”བཅས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བཞི་བཏོད་པ་རེད།