འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་15ཉིན།

༄༅།།འཁྱིལ་མཚོའི་ཆུ་རྒྱུག་ཤུགས་ཆེ་རུ་ཕྱིན་ནས་འབྲི་ཆུ་བདེ་བླག་ངང་རྒྱུག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཚེས་13ཉིན་གྱི་ཆུ་ཚོད་12ལ་འབྲི་ཆུའི་བལ་དཀར་འཁྱིལ་མཚོའི་མིས་བཟོས་ཆུ་འདྲེན་ཡུར་བུའི་ཆུ་ཞེང་སྨི་21.5ཟིན་པ་དང་ཆུའི་གཏིང་ཚད་སྨི་4.50ཟིན་ནས་ཆ་སྙོམས་སྐར་ཆ་རེར་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་218དང་ཆ་སྙོམས་ཆུ་རྒྱུག་ཚད་སྐར་ཆ་རེར་སྨི་2.66ཟིན་ཡོད། འབྲི་ཆུའི་སྨད་རྒྱུད་ཀྱི་སྐྱེ་པ་ཐང་དུ་གཡེང་དངོས་ཐོན་པ་དང་མི་ཐབས་ལ་སྔོན་དཔག་གི་ཕན་འབྲས་ཐོན་ཏེ་འབྲི་ཆུ་བདེ་བླག་ངང་རྒྱུག་ཐུབ་པ་བྱུང་བ་དང་འབྲེལ་ཆུ་འགག་པའི་གནད་དོན་ཐག་གཅོད་ཐུབ་ཡོད།
     གཞན་ཡང་འཕྲལ་སྡོམ་དོ་དམ་པུའི་ཆ་འཕྲིན་ལ་གཞིགས་ན། མིག་སྔར་འཁྱིལ་མཚོའི་ཆུ་རྒྱུག་ཚད་མགྱོགས་པ་དང་ཆུ་ཤུགས་ཀྱང་ཆེན་པོ་ཡོད་པས་མི་ཐབས་སྤྱད་པ་སྔོན་དཔག་དང་མཐུན་ཡོད་པ་རེད། 
     ཚེས་13ཉིན་གྱི་ཆུ་ཚོད་དྲུག་པ་བར་འབྲི་ཆུའི་བལ་དཀར་གྲོང་ཚོའི་འཁྱིལ་མཚོའི་ཉེན་ཁའི་དབང་གིས་བོད་དང་། སི་ཁྲོན། ཡུན་ནན་བཅས་ཀྱི་མང་ཚོགས་67449ཛ་དྲག་གནས་སྤོས་པ་རེད། འདི་ནི་འབྲི་ཆུའི་འཁྱིལ་མཚོ་གཤོང་ཐུབ་ནས་གཙང་ཆུ་བདེ་བླག་ངང་རྒྱུག་བཞིན་ཡོད་པ།