འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་15ཉིན།

༄༅།།ཟི་ལིང་གིས་སོལ་ཐབ“མེད་པར་བཟོ་བའི”བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བས་གྲོང་ཁུལ་དུ་
དྭངས་གཙང་དྲོད་སྲུང་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་ད་ཕན་ལོ་ཤས་རིང་སོལ་ཐབ“མེད་པར་བཟོ་བའི”བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བས་རིམ་རྩིས་བྱས་ན་རྡོ་སོལ་ཏུན་3000ལ་ཉེ་བའི“སོལ་རླངས་”ཀྱིས་བཅོས་སྒྲིག་ལས་འགན་ལེགས་གྲུབ་ཟིན་པ་རེད།
     མཚོ་བོད་ས་མཐོར་གནས་པའི་ཟི་ལིང་གྲོང་ཁྱེར་དུ་དགུན་དུས་དྲོད་ལེན་དུས་ཡུན་རིང་ཞིང་། དེ་གོང་རྡོ་སོལ་གྱི་དུ་བས་ནམ་མཁའ་ཡོངས་བསྒྲིབས་པ་ནི་དགུན་དུས་མཁའ་རླུང་སྦགས་བཙོག་གི་འབྱུང་རྩ་གལ་ཆེན་ཞིག་རེད། གསར་འགོད་པར་ཟི་ལིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་བར། གྲོང་ཁུལ་གྱི་མཁའ་རླུང་དང་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཏན་ཏིག་གཏོང་ཆེད། 2013ལོ་ཚུན་ཟི་ལིང་གྲོང་ཁྱེར་གྱིས“སོལ་རླངས”ཀྱི་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་ལེ་ལག་ཚང་བའི་རང་བྱུང་སོལ་རླངས་ཀྱི་མདོང་ལམ་སྒྱུར་བཀོད་རིམ་སྤོར་དང་གསེར་རྟགས་རླངས་འཁོར་མེད་པར་བཟོ་བ་སོགས་ཕྱོགས་བསྡུས་བྱེད་ཐབས་སྤྱད་ནས་དགུན་དུས་དྭངས་གཙང་དང་། བདེ་འཇགས། ནུས་ཆེ་བཅས་ཀྱི་སྒོ་ནས་དྲོད་ལེན་གཅིག་འདོམས་སྐུལ་འདེད་བཏང་བ་རེད།
     དྭངས་གཙང་ནུས་རྒྱུའི་འདུ་འགོད་ལག་བསྟར་ལ་སྐུལ་འདེད་གཏོང་ཆེད། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁུལ་གྱི་སྤྱི་ལེ་ངོས་གྲུ་166ཟིན་པའི་སར་རྡོ་སོལ་བཀག་སྡོམ་ཁུལ་བཟོས་པ་མ་ཟད། རང་བྱུང་སོལ་རླངས་ཀྱི་མདོང་ལམ་ཡོད་པའི་ཁྱབ་ཁོངས་སུ“སོལ་རླངས”ཁྱབ་གདལ་བཏང་བས་ཁྱབ་ཁོངས་སུ་སོལ་ཐབ་མེད་པར་བཟོ་ཐུབ་ཡོད། དེ་དང་ཆབས་ཅིག་རྡོ་སོལ་གྱི་རིམ་པ་དང་པོའི་ཉོ་ཚོང་ཁྲོམ་ར་5དང་རིམ་པ་གཉིས་པའི་གཉེར་སྐྱོང་དྲ་ཚིགས་49བཙུགས་ཏེ་སྤྱོད་འགོ་བཙུགས་པ་དང་རྡོ་སོལ་གཉེར་སྐྱོང་གི་ཁྲོམ་ར་ཚད་ལྡན་དུ་བཏང་བས་སྤུས་ཀ་ཞན་པའི་རྡོ་སོལ་སྤྱོད་ཚད་ཉུང་དུ་ཞེ་དྲག་སོང་ཡོད།