འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་ཞིག་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཡང་ཐོབ་ཡོད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཤེས་རྟོགས་བྱུང་གསལ། 2018ལོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་གྱི་མིང་ཐོའི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་བཀོད་ཡོད།
    མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཟུར་པ་དང་། རྗེ་ཙོང་ཁ་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཧོ་ཧྥེང་གིས་རེ་ཞུ་བྱས་པའི་《རྗེ་ཙོང་ཁ་པའི་རྣམ་ཐར་གྱི་ཚད་ལྡན་ཡིག་ཆ་སྔོག་འདོན་ལེགས་སྒྲིག་ཡིག་སྒྱུར་དང་དེའི་དགོངས་དོན་ལ་ཞིབ་འཇུག》ཅེས་པའི་ལས་གཞི་ལ་ཆོག་མཆན་ཐོབ་པ་རེད། འདི་ནི་སློབ་གྲྭར་2016ལོ་དང་2017ལོར་བསྟུད་མར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་གྱི་ཆོག་མཆན་ཐོབ་རྗེས། རྒྱལ་ཁབ་ཀྱི་ཚད་བཏོན་སྒྲུབ་འགན་སྤྲོད་རྒྱུའི་ལས་གཞི་གལ་ཆེན་ལ་སླར་ཡང་ཆོག་མཆན་ཐོབ་པ་ཡིན་ཞིང་། ཞིང་ཆེན་ཀྱི་མཐོ་སློབ་ཡོངས་སུ་རྒྱལ་ཁབ་ཀྱི་ཚད་བཏོན་སྒྲུབ་འགན་སྤྲོད་རྒྱུའི་ལས་གཞི་གལ་ཆེན་གཅིག་པུའང་ཡིན། 
    ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་མི་རིགས་སློབ་ཆེན་ལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་ཐོབ་གྲངས་ནི་ཞིང་ཆེན་ཡོངས་ཀྱི་མཐོ་སློབ་དང་ལས་ཁུངས་ཁག་ལས་ཨང་དང་པོ་ཡིན། 2018ལོར་མཚོ་སྔོན་མི་རིགས་སློབ་ཆེན་ལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཁྱོན་བསྡོམས་21ཐོབ་པ་དང་། དེའི་ཁྲོད་དུ་ལས་གཞི་གལ་ཆེན་གཅིག་དང་། ལས་གཞི་གཙོ་གནད་གཉིས། ཀུན་གྱིས་དོ་སྣང་མི་བྱེད་པའི་"དར་རྒྱུན་ཆད་པའི་རིག་ཚན"གྱི་ལས་གཞི་གཉིས། ཕལ་བ་དང་། ན་གཞོན། ནུབ་རྒྱུད་བཅས་ཀྱི་ལས་གཞི་16བཅས་ཐོབ་པས། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ཀུན་ལས་ཨང་དང་པོ་ཐོབ་ཡོད།