འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།འཁྱིལ་མཚོའི་ཆུ་གཤོང་ཚད་ཇེ་མགྱོགས་སུ་ཕྱིན་པས་འབྲི་ཆུའི་ཆུ་རྒྱུན་སླར་གསོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཁྱིལ་མཚོའི་ཆུ་གཤོང་ཚད་ཇེ་མགྱོགས་སུ་ཕྱིན་པས་འབྲི་ཆུའི་ཆུ་རྒྱུན་སླར་གསོ་བྱུང་བ།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་འཇོ་མདའ་རྫོང་གི་འབྲི་ཆུའི་རི་ཉིལ་ནས་འཁྱིལ་མཚོ་ཆགས་པའི་ཉེན་སེལ་གེགས་སེལ་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་11ཚེས་13ཉིན་གྱི་ཆུ་ཚོད་12ཐོག  འབྲི་ཆུའི་བལ་དཀར་འཁྱིལ་མཚོར་མིར་བརྟེན་ནས་ཆུ་གཤོང་བས་ཆུ་ཤོང་ཚད་ངོས་ཀྱི་རྒྱ་ཁྱོན་སྨི་21.5ཟིན་པ་དང་། ཆ་སྙོམས་གཏིང་ཚད་སྨི་4.50ཡོད་ཅིང་། དེའི་རྒྱུག་ཚད་སྐར་ཆ་རེར་སྨི་གྲུ་བཞི་ལྷམ་པ་218དང་། ཆ་སྙོམས་རྒྱུག་ཚད་སྐར་ཆ་རེར་སྨི་2.66ཡིན། ཆུ་བོའི་སྨད་རྒྱུད་ཀྱི་ཡེ་འབའ་ཐང་ནས་དངོས་པོ་ཆུ་ལ་ལྡིང་བ་མཐོང་ཐུབ་པ། མིར་བརྟེན་ནས་ཆུ་གཤོང་བའི་ཕན་འབྲས་སྔོན་དཔག་ལྟར་བྱུང་ཡོད།
༄༅།།འཁྱིལ་མཚོའི་ཆུ་གཤོང་ཚད་ཇེ་མགྱོགས་སུ་ཕྱིན་པས་འབྲི་ཆུའི་ཆུ་རྒྱུན་སླར་གསོ་བྱུང་བ།