འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།སྒོ་དབྱེ་ནི་ཀྲུང་གོའི་གཤིས་རྒྱུད་དུ་གྱུར་པ། 

—— རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཉིན་ཤས་བསྟུད་མར། རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སྒོ་དབྱེ་ནི་དེང་གི་ཀྲུང་གོའི་གཤིས་རྒྱུད་དུ་གྱུར་ཡོད་ཅེས་ཤོད་ཀྱི་ཡོད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོས་འཛམ་གླིང་ལ་ཀྲུང་གོས་རང་མོས་ཚོང་དོན་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། གསར་གཏོད་བསྟུན་མཁས་ཀྱི་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་བསྐྲུན་རྒྱུའི་ཆ་འཕྲིན་བརྒྱུད་སྤྲོད་བྱས་ཡོད།
        ཨ་རིའི་ཁུའུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའོ་པོ་ཐེ·ཁུའུ་ཨེན་གྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཐོག ཀྲུང་གོའི་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་བརྟན་པོ་མངོན་ཡོད། ཀྲུང་གོས་སྒོ་དབྱེ་སྔར་ལས་ལྷག་པ་བྱ་རྒྱུར་གཞོལ་ནས་གོ་ལ་ཧྲིལ་པོའི་ཕྱིར་གཏོང་ཚོང་པར་ཁྲོམ་ར་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད་ཅེས་བཤད་པ་དང་། ཁོང་གིས་ཀྲུང་གོས་སྤུས་ཚད་མཐོ་བའི་སྲིད་ཇུས་ལག་ལེན་བསྟར་ནས་ཚོང་དོན་ལ་སྐུལ་འདེད་བཏང་སྟེ་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཁས་ལེན་མངོན་འགྱུར་ཡོང་བ་བྱ་རྒྱུ་མ་ཟད། རྒྱལ་ཁབ་ཁག་དང་མཉམ་ལས་གཉིས་ཕན་ཡོང་བ་བྱ་རྒྱུའང་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།
        མ་ལེ་ཞི་ཡའི་ཞི་བདེ་རྒྱ་མཚོ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་བློ་འདྲི་བ་ཧུའུ་དབྱིས་ཧྲན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་འབུས་པར་སེམས་ཁྲལ་བྱེད་པའི་སྐབས་སུ་ཀྲུང་གོས་སྔར་བྱུང་མྱོང་མེད་པའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དཔེ་སྟོན་གྱི་ནུས་པ་བཟང་པོ་ཞིག་ཐོན་ངེས་ཡིན་པ་དང་། རང་མོས་ཚོང་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་མ་ལག་ཁྲོད་ཀྱི་དབྱངས་རྟ་གཙོ་བོར་འགྱུར་རྒྱུ་དང་དྲང་ནུས་འདོན་སྤེལ་ཐུབ་རྒྱུར་ཕན་པ་ཐོན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།
       ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོའི་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཞེར་པཱ་ཚེ·ཧའེ་ཐེ་ལན་གྱིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུར་གཞོལ་ནས་རྒྱལ་སྤྱིའི་མ་འཇོག་མཁན་ལ་ཀྲུང་གོའི་ཁྲོམ་རའི་སྒོ་མོ་སྔར་བས་འབྱེད་རྒྱུ་རེད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཕ་ཁི་སི་ཐན་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཛམ་གླིང་དཔལ་འབྱོར་ནང་ཞུགས་རྒྱུར་གོ་སྐབས་སྦྱིན་ཡོད། དེས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ཚོང་དོན་རྒྱ་ཆེར་གཏོང་བར་ཕན་པ་ཡོད་ཅིང་། དེ་ནི་རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཀྱང་རེད་ཅེས་བཤད།
       སི་རི་ཡའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨོ་མར·མེ་ཁེ་ཏ་ཏེས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གཉེར་བ་དེས་དེང་གི་ཀྲུང་གོས་འཛམ་གླིང་དཔལ་འབྱོར་མ་ལག་ལ་འཛིན་པའི་རྣམ་འགྱུར་མཚོན་ཡོད་ལ། གཉིས་ཁེ་གཉིས་ཕན་རྨང་གཞིར་བྱེད་པའི་སྲིད་ཇུས་དེ་དག་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་དགའ་བསུ་ཐོབ་ཡོད། ཀྲུང་གོས་ཀུན་ཕན་གྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རྒྱལ་སྤྱིའི་ཚོང་དོན་མངོན་འགྱུར་ཡོང་རྒྱུར་ནན་ཏན་གྱི་རྣམ་འགྱུར་འཛིན་པ་ལས་རྒྱལ་ཁབ་གང་རུང་ཞིག་ཀྱང་ཟུར་འབུད་མི་བྱེད་པར་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབ་ངང་བསྐྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས།
      ཧྥ་རན་སེའི་ཕ་རི་སི་སློབ་ཆེན་བརྒྱད་པའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཕི་ཨར·ཕི་ཁར་གྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་བསྟུན་ནས་གོ་ལ་ཧྲིལ་པོའི་ཁེ་ལས་སྟོང་ཕྲག་ཁ་ཤས་ལ་ཀྲུང་གོའི་ཁྲོམ་རར་རང་ཉིད་ཀྱི་སྟོབས་ཤུགས་ངོམས་པའི་གོ་སྐབས་ཐོབ་ཡོད། རྣམ་པ་བཟང་པོ་དེ་ལྟ་བུ་ནི་ཀྲུང་གོས་རང་འགུལ་ངང་འཛམ་གླིང་ལ་སྒོ་དབྱེ་དང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་དོན་དངོས་ཤིག་རེད་ཅེས་བཤད།
        དབྱིན་ཇིའི་ལོན་ཏོན་དངུལ་རྩའི་གྲོང་གི་སྲིད་ཇུས་དང་ཐོན་ཁུངས་ཨུ་ལྷན་གྱི་ཀྲུའུ་ཞི་ཁའེ་སེ་ལིང·མའེ་ཅེ་ཉི་སེས་རང་མོས་ཚོང་དོན་ནི་འཛམ་གླིང་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། གོ་ལ་ཧྲིལ་པོ་ཅན་དེ་གྲངས་འཛིན་དུས་རབས་སུ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་པའི་སྐབས་རྒྱལ་ཁབ་ཁག་གིས་ཁྱབ་རྒྱ་དེ་བས་ཆེ་བའི་རྒྱལ་སྤྱིའི་སྤེལ་རེས་ལས་བྱུང་བའི་ཕན་པར་བསམ་གཞིག་ཟབ་མོ་བྱེད་དགོས་ངེས་རེད། དེས་མ་ཟད། རང་ཉིད་ཀྱི་དཔལ་འབྱོར་སྲིད་ཇུས་བབ་བསྟུན་ལེགས་སྒྲིག་བྱས་ཏེ་ཐུན་མོང་དར་རྒྱས་ཡོང་བ་བྱེད་དགོས་ཞེས་བཤད།
        ཞི་མོན་ཙེ་ཀྲུང་ཧྭ་ཆེ་མོའི་ཁུལ་གྱི་དབུ་བཞུགས་ལག་བསྟར་དཔོན་ལུའོ་ཐར·ཧེར་མན་གྱིས་ཀྲུང་གོས་བཏོན་པའི“དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་དུས་བབ་ཆེན་པོ་ཞིག་ཡིན་པས། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད”ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་ལོ་རྒྱུས་གྲུབ་འབྲས་ཀྱིས་དེ་དག་ར་འཕྲོད་ཐུབ་ཀྱི་ཡོད་པ་རེད། དེང་གི་ཕན་ཚུན་འབྲེལ་མཐུད་ཀྱི་འཛམ་གླིང་འདིར་རྒྱལ་ཁབ་དང་ཁེ་ལས་སུ་ཞིག་ཡིན་རུང་ཁེར་རྐྱང་དང་བཀག་སྡོམ་ཁྲོད་འཕེལ་རྒྱས་འགྲོ་ཐུབ་པ་ཞིག་མེད། རྒྱུན་མཐུད་ངང་སྒྱུར་བཅོས་སྒོ་དབྱེ་བྱས་ན་གཞི་ནས་སྤེལ་རེས་དང་འཕེལ་རྒྱས་ཀྱི་སྒྲོན་མེ་དེ་ཉིད་ནམ་ཡང་ལྷམ་ལྷམ་དུ་འབར་ཐུབ་ཅེས་བཤད།