འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།ཀྲུང་གོ་དང་ཧྥི་ཅིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       ཤིན་ཧྭ་གསར་འགྱུར་ཁང་སུ་ཝ་ནས་ཟླ་11ཚེས་12ཉིན་གློག་འབྱོར་གསལ། ཚེས་12ཉིན། ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆན་པོས་ཧྥི་ཅིའི་ཙུང་ལིའི་ལས་ཤག་གི་རྒྱུན་ལས་དྲུང་ཆེ་ཁཱ་ལན་དང་མཉམ་དུ་ཧྥི་ཅིའི་རྒྱལ་ས་སུ་ཝ་རུ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཚབ་ཞུས་ནས《དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྥི་ཅི་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བསམ་ཤེས་དྲན་ཐོར》དངོས་སུ་མིང་རྟགས་བཀོད་པ་རེད།
        དྲན་ཐོར་གཞིགས་ན། ཕྱོགས་གཉིས་པོས“མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད”བཅས་ཀྱི་རྩ་དོན་ལ་གཞིགས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ། སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་མཉམ་སྦྲེལ། ཚོང་དོན་ཤར་གཏོང་། མ་དངུལ་འཁོར་རྒྱུག དམངས་སེམས་གཅིག་མཐུན་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་རྒྱུ་ཡིན་པ་རེད།