འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།མཚོ་སྔོན་གྱིས《2018ལོ་འཁོར་གྱི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་གྱི་དཔྱད་ཞིབ་
ཞིབ་སྲོལ》བཏོན་ནས་ནར་འགྱངས་བཅོས་སྒྲིག་དང་གཏོང་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱི་གླ་ཆ་འགྱངས་ཆད་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《2018ལོ་འཁོར་གྱི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་གྱི་དཔྱད་ཞིབ་ཞིབ་སྲོལ》བཀྲམ་ནས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་བཅོས་སྒྲིག་བྱེད་པའི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་པ་དང་དུས་མཚུངས། གྲོང་ཁྱེར་དང་ཀྲོའུ་མི་དམངས་སྲིད་གཞུང་ཁག་ལ་2018ལོ་འཁོར་གྱི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་བཀོད་སྒྲིག་ལ་ལོ་འཁོར་གྱི་དཔྱད་ཞིབ་བྱས་པ་རེད།
     པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་2017ལོ་འཁོར་གྱི་དཔྱད་ཞིབ་བརྡ་ཁྱབ་ནང་ཚུར་ལན་བྱས་པའི་གནད་དོན་དང་ས་ཁུལ་ཁག་གིས་ནར་འགྱངས་བཅོས་སྒྲིག་དང་གཏོང་སྤྲོད་འགན་ལེན་ལས་དོན་གྱི་རྣམ་པ་གཞིར་བཟུང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་གྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ནས་སྟོན་རྟགས་ཁག་གི་ལས་འགན་དོན་འཁྱོལ་ལ་འགན་ལེན་བྱ་ཆེད། 《དཔྱད་ཞིབ་ཞིབ་སྲོལ》ནང་འགན་འཁྲི་ཁག་བགོས་དང་འགན་འཁྲིའི་ཚན་པ་ཁ་གསལ་བཟོས་པ་དང་། དོན་འཁྱོལ་གཙོ་གཉེར་སྡེ་ཚན་དང་ལྷག་པར་དུ་ལས་གྲྭ་འཛུགས་སྐྲུན་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་གྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་པ་དང་། གླ་ཆ་ཆད་པ་དང་ཁ་དན་ཚིག་ལ་མ་གནས་པའི་ཁེ་ལས་ཀྱི་ཡིད་རྟོན་ཆད་གཅོད་བསླབ་འདོམས་དང་དེ་བཞིན་གླ་ཆ་གཏོང་སྤྲོད་ཀྱི་འགན་ལེན་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་བྱ་ཤུགས་ཆེ་རུ་བཏང་བ་དང་། འབྲེལ་ཡོད་རྣམ་གྲངས་ཀྱི་སྐར་གྲངས་གནས་ཚད་ཆེ་རུ་བཏང་སྟེ་དཔྱད་ཞིབ་ཀྱི་དྲང་ཕྱོགས་ཀྱི་སྟོན་ཕྱོགས་ནུས་པ་གང་ལེགས་དང་། ས་ཁུལ་ཁག་གིས་ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་ནན་ཏན་བྱ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁག་དངོས་སུ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།