འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་དམག་འཐབ་རུ་མིས་བྱེས་
སྡོད་སྦྱོང་བརྡར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་དམག་འཐབ་རུ་མིས་བྱེས་
སྡོད་སྦྱོང་བརྡར་བྱས་པ།
      ཉེ་ཆར། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་དམིགས་བསལ་དམག་འཐབ་རུ་མི་རྒྱུས་མངའ་མེད་པའི་ས་བབ་རྙོག་འཛིང་ཆེ་སར་ཁྲིད་ནས་བྱེས་སྡོད་སྦྱོང་བརྡར་བྱས་ཏེ་དངོས་འཐབ་དངོས་སྦྱོང་གི་བྱེད་ཐབས་ལ་བརྟེན་ནས་དཔུང་སྡེར་སྦྱོང་བརྡར་སྤྲས་ཏེ་དམིགས་བསལ་དམག་འཐབ་རུ་མིས་འགྲན་རྒོལ་འགྲན་བསྡུར་ལ་བློ་གྲོས་དང་དཔའ་སྟོབས་འགྲན་པ་མ་ཟད། མཉམ་ལས་གཞོགས་འདེགས་བྱེད་རིང་ཕན་ཚུན་རོགས་རམ་བྱས་ནས་ཁོར་ཡུག་ཆ་རྐྱེན་ཞན་པ་དང་རྙོག་འཛིང་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་དམག་འཐབ་འཇོན་ཐང་ཆེ་རུ་བཏང་སྟེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་དངོས་གནས་འཁུར་ཐུབ་པ་བྱས་ཤིང་། འདི་ནི་དམིགས་བསལ་དམག་འཐབ་དཔོན་དམག་ཅིག་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མཐོ་ཚད་ལ་སྨི་20ལྷག་ཙམ་ཡོད་པའི་ཐོག་བརྩེགས་ཁང་ཆེན་སྟེང་ནས་མར་མཆོང་བའི་སྦྱོང་བརྡར་བྱེད་བཞིན་པ།