འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།རང་རྒྱལ་གྱི་བོད་རིགས་ས་ཁུལ་གྱི་ལམ་ཟམ་མཐོ་ཤོས་མཐུད་སྒྲིག་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། དུས་ཡུན་ལོ་བཞི་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རང་རྒྱལ་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་སི་ཁྲོན་གྱི་ཆུ་མདོ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་འགག་རྩའི་ལས་གྲྭ་སྟེ་ཁྭ་ཁུའུ་ཏེ་ཟམ་ཆེན་གྱི་ཟམ་པ་ཨ་མ་ཚེས་12ཉིན་དུས་བཀག་བཞིན་མཐུད་སྒྲིག་ཐུབ་པ་དེ་ནི་མིག་སྔར་རང་རྒྱལ་གྱིས་བོད་རིགས་ས་ཁུལ་དུ་བསྐྲུན་པའི་ལམ་ཟམ་མཐོ་ཤོས་ཤིག་རེད།
     ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པ་ཚོགས་པའི་ཁྭ་ཁུའུ་ཏེ་ཟམ་ཆེན་རྣམ་གྲངས་ཀྱི་སྤྱི་གཉེར་བ་ལིའུ་ཡུས་ཤིན་གྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་གནས་པའི་ཆུ་མདོ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་ཁྭ་ཁུའུ་ཏེ་ཟམ་ཆེན་དེ་ས་བབ་མཐོ་ཚད་སྨི་2900ལྷག་ཙམ་ཟིན་པའི་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོར་གནས་པ་དང་ཁྱོན་རིང་ཚད་ལ་སྨི་628ཡོད་པ་དང་། གཙང་པོའི་ཁ་ནས་རྩིས་པའི་མཐོ་ཚད་སྨི་280ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།