འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།ཝུའུ་ཏ་ཆིན་གྱིས་སླར་ཡང་སྨི་500ཡི་འཛམ་གླིང་གི་ཟིན་ཐོ་བཏོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་གི་དུས་ཚོད་ཚེས་12ཉིན་གྱི་ཐོ་རེངས་སུ་2018ལོ་དང་2019ལོའི་འགྲན་བསྡུར་དུས་ཚིགས་ཀྱི་ལམ་ཐུང་མྱུར་ཤུད་འཛམ་གླིང་བུམ་པའི་ཡན་ཧུའུ་གྲོང་ཚུགས་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཝུའུ་ཏ་ཆིན་གྱིས་སྐར་ཆ་39དང་ཚགས་505ཡི་གྲུབ་འབྲས་ཐོག་ནས་སྐྱེས་པའི་སྨི་500ཡི་ཨང་དང་པོ་བླངས་པ་དང་ཆབས་ཅིག་རང་ཉིད་ཀྱིས་ཕིང་ཁྲང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཐོག་བཏོད་པའི་སྐར་ཆ་39ཚགས་584ཡི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཡོད། དེ་ཡང་ཝུའུ་ཏ་ཆིན་ལ་སྐབས་འདིའི་འགྲན་བསྡུར་ནང་སྨི་500ལུས་རྩལ་རྣམ་གྲངས་ལ་ཐོབ་པའི་གསེར་གྱི་རྟགས་མ་གསུམ་པ་དེ་རེད།