འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།ཀྲུང་གོའི་བོད་སྨན་བརྗོད་གཞིའི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་རྒྱ་བསྐྱེད་ལེགས་འགྲུབ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོའི་བོད་སྨན་བརྗོད་གཞིའི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་རྒྱ་བསྐྱེད་ལེགས་འགྲུབ་བྱུང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན། དུས་ཡུན་ལོ་ལྔའི་རིང་ལ་འཛུགས་སྐྲུན་བྱས་པ་བརྒྱུད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་3ཡོད་པའི་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་རྫས་ཁང་གི་དུས་རིམ་གཉིས་པའི་བཤམས་མཛོད་ཁང་ལ་སྒོ་བྱང་བཀལ་ནས་སྒོ་ཕྱེས་ཤིང་། ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ་བརྗོད་གཞི་བྱས་པའི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་དེ་བོད་མི་རིགས་ཀྱི་རིག་གནས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱེད་ཐུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཅིག་ཏུ་རྒྱ་བསྐྱེད་ནས་ལེགས་འགྲུབ་བྱུང་ཡོད་པ་མཚོན།