འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།“རྒྱ་མཚོ་རྟགས་ཅན་དྲུག་པའི”རྒྱང་རིང་རྒྱ་མཚོ་ཆེན་པོའི་ཚན་ཞིབ་ལ་ཚན་ཞིབ་ཀྱི་གྲུབ་འབྲས་ཁག་གསུམ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་138རིང་མཚོ་ཐོག་ལམ་ཐག་ཁྱོན་སྤྱི་ལེ་30000ཙམ་བསྐྱོད་པ་དང་རང་བྱུང་ཐོན་ཁུངས་པུའི་ཀྲུང་གོ་ས་གཤིས་བརྟག་ཞིབ་ཅུས་ཀོང་ཀྲོའུ་རྒྱ་མཚོའི་ས་གཤིས་བརྟག་ཞིབ་ཅུས་ཀྱི“རྒྱ་མཚོ་རྟགས་ཅན་དྲུག་པའི”གྲུ་གཟིངས་ཀྱིས་རྒྱ་མཚོའི་གཏིང་གི་ས་གཤིས་བརྟག་ཞིབ་གྲུ་ཐེངས་དྲུག་པ་དང་ཀྲུང་གོ་རྒྱ་མཚོ་ཆེན་པོའི་གྲུ་ཐེངས་51གི་ཚན་ཞིབ་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས། 2018ལོའི་ཟླ་11ཚེས་11ཉིན་ཕྱིར་ལོག་བྱས་ཡོད། རྒྱ་མཚོའི་ས་གཤིས་བརྟག་ཞིབ་ཀྱི་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཀོང་ཀྲོའུ་རྒྱ་མཚོའི་ས་གཤིས་ཆེད་སྤྱོད་གྲུ་ཁར་འབྱོར་ཡོད།
     ཚན་ཞིབ་གྲུ་ཐེངས་དེར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རང་རྒྱལ་གྱི་ཁོབ་མང་བའི་ཤུན་གན་རྒྱའི་ཁུལ་དུ་ཐོན་ཁུངས་བརྟག་ཞིབ་དང་། མཚོ་གཏིང་ས་གཞིས་ཁོར་ཡུག་ཉམས་ཞིབ། མཚོ་གཏིང་ས་གཤིས་ཁོར་ཡུག་བརྟག་ཞིབ། མཚོ་གཏིང་བརྟག་ཞིབ་ཚད་ལེན་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་བེད་སྤྱོད་བཅས་དང་དེ་བཞིན་རྒྱ་མཚོའི་འགྱིག་ཕྲའི་སྦགས་བཙོག་བརྟག་ཞིབ་སོགས་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།