འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།རང་རྒྱལ་གྱིས་ལག་རྩལ་གལ་ཆེན་གྱི་སྒྲིག་ཆས་དཔེ་སྟོན་རྣམ་གྲངས་ཀྱི་མིང་ཐོ་ཐོག་མ་ཁྱབ་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཀྲའོ་ཆིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། བཟོ་འཕྲིན་པུས་མཛུབ་སྟོན་བྱས་པ་དང་ཀྲུང་གོ་བཟོ་ལས་ཚགས་པར་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་བཟོ་ལས་གླེང་སྟེགས་སྐབས་བཅུ་བཞི་པ་དེ་ཚེས་9ཉིན་ཀོང་ཏུང་ཞིང་ཆེན་གྱི་ཀྲའོ་ཆིང་གྲོང་ཁྱེར་དུ་འཚོགས་པ་རེད། ད་རེས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“དཔལ་འབྱོར་གོ་ལ་ཅན་འོག་གི་བཟོ་ལས་གསར་པའི་གསར་བརྗེ”ཞེས་པ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་བཟོ་ལས་ཁེ་ལས་ཀྱིས་བཟོ་ལས་གསར་པའི་གསར་བརྗེ་ལས་བྱུང་བའི་འཐབ་ཇུས་རང་བཞིན་གྱི་གོ་སྐབས་དམ་འཛིན་དང་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་གསར་གཏོད་ལས་གཏོད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང་རང་རྒྱལ་གྱི་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་བསྡིགས་ནས་ཀྲུང་གོའི་བཟོ་ལས་དྲ་སྦྲེལ་དང་གྲངས་གཞིའི་དཔལ་འབྱོར་དང་། རིག་ནུས་དྲ་སྦྲེལ་རླངས་འཁོར། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་གི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་གསུམ་གྱི་མཚོ་ཁུག་ཁུལ་འཕེལ་རྒྱས་གཏོང་བའི་གོ་སྐབས་སོགས་ཀྱི་གྲོས་གཞི་སོ་སོར་བགྲོ་གླེང་བྱས་ཏེ་བཟོ་སྐྲུན་སྟོབས་ཆེན་རྒྱལ་ཁབ་སྐྲུན་པའི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་ཐབས་འདོན་ཇུས་འདོན་བྱས་པ་རེད།
     ད་རེས་གླེང་སྟེགས་ཀྱིས་ད་དུང་2017ལོ་འཁོར་གྱི་ལག་རྩལ་གལ་ཆེན་གྱི་སྒྲིག་ཆས་དཔེ་སྟོན་རྣམ་གྲངས་ཀྱི་མིང་ཐོ་ཐོག་མ་ཁྱབ་བསྒྲགས་བྱས་པའི་ནང་། ཀྲུང་གོ་འགྲིམ་འགྲུལ་ཐེན་ཅིན་མཚོ་ཐོག་འགྲུལ་ལམ་ཅུས་ཚད་ཡོད་ཀུང་སི་དང་། ཀྲུང་གོའི་གྲུ་གཟིངས་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་708ཞིབ་འཇུག་ཁང་། འབྲི་ཆུའི་ལྷོ་རྒྱུད་གྲུ་གཟིངས་བཟོ་སྐྲུན(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སི། ཧྲང་ཧའེ་གྲུ་གཟིངས་ཞིབ་འཇུག་འཆར་འགོད་ཁང་བཅས་ཚུད་པའི་ཚན་པ་བཅུ་གྲངས་ལ་གཟེངས་བསྟོད་ཐོབ་ཡོད་པ་རེད།