༄༅།།འཛམ་གླིང་ཐོག་གི་གློག་གཏོང་མཐོ་ལྕོག་མཐོ་ཤོས་དེ་ཐད་འཕུར་གནམ་གྲུས་རྒྱ་མཚོ་སྒྲོལ་ནས་ལྕགས་ཐག་གློད་རྒྱུ་ལེགས་གྲུབ་བྱུང་བ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 11ཚེས་12ཉིན། 13:09】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཐད་འཕུར་གནམ་གྲུ་ཞིག་གིས་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་ཏིང་ཧའེ་ཆུས་ཚེ་ཙེ་གླིང་ཕྲན་གྱི་མཚོ་འགྲམ་ནས་འཕུར་ཏེ་གློག་སྐུད་འཐེན་ནས་ཤིས་ཧའུ་མོན་མཁའ་ལམ་བརྒྱུད་རྒྱ་མཚོ་ཆེན་པོ་བརྒལ་བའི་མཐོ་ལྕོག་གི་འཁོར་སྒར་བདེ་བླག་ངང་འབྲེལ་མཐུད་བྱས་པ་དེ་ཐོག་ནས་ཀྲོའུ་ཧྲན་གྱི་ཆན་ཧྥུའུ་500ཟིན་པའི་དྲ་སྦྲེལ་གློག་གཏོང་གློག་སྒྱུར་ལས་གྲྭའི་ཤིས་ཧའུ་མོན་རྒྱ་མཚོ་ཆེན་པོ་བརྒལ་བའི་དུམ་བུར་གློག་སྐུད་འཁྲིད་འགོ་ཚུགས་པ་མཚོན་ཡོད།ཤིས་ཧའུ་མོན་རྒྱ་མཚོ་ཆེན་པོ་བརྒལ་བའི་མཐོ་ལྕོག་ནི་ཀྲོའུ་ཧྲན་གྱི་ཅིན་ཐང་གླིང་ཕྲན་དང་ཚེ་ཙེ་གླིང་ཕྲན་དུ་གནས་ཡོད་ལ་མཐོ་ཚད་ལ་སྨི་380ཡོད་པ་དང་རྒྱ་མཚོ་བརྒལ་ཚད་སྨི་2656ཡོད་པས་གློག་གཏོང་མཐོ་ལྕོག་གི་མཐོ་ཚད་དང་། ལྗིད་ཚད། རྩ་བ་ཚུགས་ས། མཐོ་ལྕོག་གི་རྩེ་མོའི་ཆེ་ཆུང་སོགས་གང་ས་ཅི་ཐད་ནས་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད།